web analytics

དོན་ཚན་དང་པོ།

ཆོད་ཡིག་འདིའི་དམིགས་ཡུལ་གྱི་ཆེད་དུ་《སྤྱི་ཆིངས》དོན་ཚན་དང་པོའི་ནང་དོན་དངོས་སྤྱོད་བྱེད་པ ། དེ་མིན།

༡ “ཆིངས་འཇོག་ཕྱོགས་གཉིས་ཀྱི་ཚོགས་འདུ”དེ་《སྤྱི་ཆིངས》འཇོག་མཁན་ཕྱོགས་གཉིས་ཀྱི་ཚོགས་འདུ་ལ་བསྟན་པ་ཡིན།

༢“ སྤྱི་ཆིངས”ཞེས་པ་ནི་༡༩༩༢ལོའི་ཟླ་༥པའི་ཚེས་༩ཉིན་ཉིའུ་ཡོག་(New York) ནས་ཆོག་མཆན་ཐོབ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་《སྤྱི་ཆིངས》དེ་ཡིན།

༣“ སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དམིགས་ཚོགས་པ” (IPCC) ཞེས་པ་ནི་འཛམ་གླིང་གནམ་གཤིས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གཉིས་ཀྱིས་༡༩༨༨ལོར་མཉམ་འབྲེལ་སྒོས་བཙུགས་པའི་སྲིད་གཞུང་བར་གྱི་གནམ་གཤིས་འགྱུར་ལྡོག་ཆེད་དམིགས་ཚོགས་པ་ཞེས་པ་དེ་ཡིན།

༤ “མོན་ཋི་རེལ་ཆོད་ཡིག ” (Montreal Protocol) ཞེས་པ་ནི་༡༩༨༧ལོའི་ཟླ་༩པའི་ཚེས་༡༦ཉིན་མོན་ཋི་རེལ་ནས་ཆོག་མཆན་ཐོབ་པ་དང༌། རྗེས་སུ་ལེགས་སྒྲིག་དང་བཟོ་བཅོས་བྱས་པའི་《དཀུ་དབྱང་བང་རིམ་དངོས་རྫས་ཀྱི་ཟད་གྲོན་དང་འབྲེལ་བའི་མོན་ཋི་རེལ་ཆོད་ཡིག》དེ་ཡིན།

༥“ གདན་ཞུགས་དང་ཐག་གཅོད་ལ་ཞུགས་པའི་ཆིངས་འཇོག་མཁན་”ཞེས་པ་ནི་ཚོགས་འདུར་ཞུགས་ཏེ་འཐད་མིན་གྱི་འདེམ་ཤོག་འཕེན་མཁན་གྱི་ཆིངས་འཇོག་མཁན་ཕྱོགས་ལ་ཟེར།

༦ “ཆིངས་འཇོག་མཁན”ནི་ཆིངས་ཡིག་འདི་ཉིད་འཇོག་ཁན་ལ་ཞེས་པ་ཡིན། ནང་དོན་དུ་གསལ་བཤད་མེད་འི་ཆ་རྐྱེན་འོག།

༧“ཆིངས་འཇོག་མཁན་གྱི་ཟུར་བཀོད་དག”ནི་《སྤྱི་ཆིངས》ཟུར་བཀོད་ཀྱི་ཆོངས་འཇོག་མཁན་དག་ལ་ཟེར་བ་ཡིན།

དེའི་ཁོངས་སུ་བཟོ་བཅོས་བྱེད་པ་དང་《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་༢(g)པའི་ཐག་གཅོད་ལྟར་ཆིངས་འཇོག་མཁན་ཚུད་པ་ཡིན།

 

དོན་ཚན་གཉིས་པ།

༡ ཟུར་བཀོད་ལས་ཆིངས་འཇོག་མཁན་སོ་སོས། དོན་ཚན་གསུམ་པའི་ནང་དོན་ལྟར་མཁའ་སྙིགས་རླངས་འདོར་བ་ཇེ་ཉུང་གཏོང་བའི་ཁས་ལེན་སྐབས་སུ།

རྒྱུན་མཐུད་འཕེལ་རྒྱས་གཏོང་ཆེད་དོན་ཚན་འདི་དག་བསྟར་དགོས་ཏེ།

(a)རང་ཅག་རྒྱལ་ཁབ་གནས་ཚུལ་ལ་དམིགས་ཏེ་ལག་ལེན་དང་གོམ་གང་མདུན་སྤོས་ཀྱིས་གཏན་འཁེལ་དང་རྩ་དོན་ལག་བསྟར་བྱེད་པ།

དཔེར་ན།

གཅིག༽ རང་ཅག་རྒྱལ་ཁབ་ཀྱི་དཔལ་འབྱོར་འབྲེལ་ཡོད་སྡེ་ཁག་གི་ནུས་ཁུངས་ལས་ལས་ཆོད་ཤུགས་སྣོན་བྱེད་པ།

གཉིས༽ མོན་ཋི་རེལ་ཆོད་ཡིག (Montreal Protocol) གིས་གཏན་འབེབས་མ་ཟིན་པའི་དྲོད་ཁང་གི་རླངས་གཟུགས་

 

ཀྱི་སྲུང་སྐྱོབ་དང་ཤུགས་སྣོན་བྱེད་པ་དང་ཆབས་གཅིག་འབྲེལ་ཡོད་རྒྱལ་སྤྱིའི་ཁོར་ཡུག་གྲོས་ཚོགས་ཀྱི་གཏན་འབེབས་ལ་བསྟུན་དགོས་པ།

 

རྒྱུན་མཐུད་ནགས་ཚལ་དོ་དམ་གྱི་ལས་ཚན་ལ་བསྟུན་པ། ནགས་བཟོ་དང་ཡང་བསྐྱར་ནགས་བཟོ་བྱེད་པ།

 

གསུམ༽ གནམ་གཤིས་འགྱུར་ལྡོག་གི་ཆ་རྐྱེན་འོག་ཏུ་རྒྱུན་མཐུད་ཞིང་ལས་བྱེད་ཐབས་སྐུལ་འདེད་བྱེད་པ།

 

བཞི༽ ནུས་ཁུངས་གསར་བ་དང་གསར་སྐྱེ་ཐུབ་པའི་ནུས་ཁུངས་ཞིབ་འཇུག་དང་སྐུལ་འདེད། བསྔོག་འདོན། བེད་སྤྱོད་སོགས་བྱེད་པ།

 

དབྱང་གཉིས་ཐྰན་རྫས་སྲ་གཟུགས་ཐྰན་རིགས་ལག་རྩལ་དང་ཁོར་ཡུག་ལ་ཕན་པའི་སྔོན་ཐོན་ལག་རྩལ་གསར་སྤེལ་བྱེད་པ།

 

ལྔ༽ དྲོད་ཁང་རླངས་གཟུགས་རིམ་བཞིན་ཇེ་ཉུང་དང་མེད་པ་བྱེད་པརའི་སྡེ་ཁག་གིས་《སྤྱི་ཆིངས》ཀྱི་དམིགས་ཚད་ལ་

 

འགལ་པའི་ཁྲོམ་རའི་སྐྱོན་ཆ་དང་ནོར་སྲིད་སྐུལ་འདེད། ཁྲལ་བསྡུ་དང་ཁྲལ་རིགས་མེད་པར་གཏོང་བ། ཕོགས་སྣོན་བྱེད་པ་

 

མ་ཟད་ཁྲོམ་རའི་བྱེད་ཐབས་ལག་བསྟར་བྱེད་པ།

 

དྲུག༽ འབྲེལ་ཡོད་སྡེ་ཁག་གི་བསྒྱུར་བཅོས་ལ་སྐུལ་འདེད་དང༌། མོན་ཋི་རེལ་ཆོད་ཡིག (Montreal Protocol) གིས་གཏན་འབེབས་

 

མ་ཟིན་པའི་དྲོད་ཁང་གི་རླངས་གཟུགས་ཕྱིར་གཏོང་ཇེ་ཉུང་དང་ཚོད་འཛིན་བྱེད་གཏོང་བ།

 

བདུན༽ སྐྱེལ་འདྲེན་སྡེ་ཁག་གི་མོན་ཋི་རེལ་ཆོད་ཡིག (Montreal Protocol) གིས་གཏན་འབེབས་མ་ཟིན་པའི་དྲོད་ཁང་གི་

 

རླངས་གཟུགས་ཕྱིར་གཏོང་ལ་བྱེད་ཐབས་ལག་བསྟར་བྱས་ཏེ་ཚོད་འཛིན་ནན་མོ་བྱེད་པ །

 

བརྒྱད༽ སྙིགས་རོ་དོ་དམ་དང་ནུས་ཁུངས་ཐོན་སྐྱེད། སྐྱེལ་འདྲེན་དང་བགོ་བཤའ་བྱེད་པའི་ཁྲོད་ཀྱི་ཕྱིར་བསྡུ་དང་བེད་སྤྱོད་ཚོད་འཛིན།

ཡང་ན་ ཝན་ཀ་བ། (methane ཡང་ན་ CH4) ཕྱིར་གཏོང་ཇེ་ཉུང་གཏོང་བ།

(b)《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་༢པའི་ནང་དོན་དང་པོར་གཞིགས་ནས། ཆིངས་འཇོག་མཁན་གཞན་དང་མཉམ་འབྲེལ་སྒོས་སྲིད་ཇུས་དང་བྱེད་ཐབས་ཀྱི་བྱེད་ནུས་ལ་ཤུགས་སྣོན་གཏོང་བ། དམིགས་ཡུལ་དེར་གཞིགས་ནས། ཆིངས་འཇོག་མཁན་གྱིས་གོ་རིམ་བརྒྱུད་ནས་སྲིད་ཇུས་དང་བྱེད་ཐབས་དེ་དག་གི་ཉམས་མྱོང་དང་ཆ་འཕྲིན་བརྗེ་རེས་བྱེད་པ། དེའི་ཁོངས་སུ་སྲིད་ཇུས་དང་བྱེད་ཐབས་དེ་དག་གི་བསྡུར་བའི་རང་བཞིན་དང༌། མངོན་གསལ་ཚད། ནུས་པའི་རང་བཞིན་སོགས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའང་འདུས་ཡོད།

ཆོད་ཡིག་གི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》གྲོས་ཚོགས་སྐབས་དང་པོ་དང་རྗེས་ཕྱོགས་དངོས་སུ་བྱེད་སྤྱོད་བྱེད་ཚེ་ཉམ་འབྲེལ་གྱི་བྱེད་ཐབས་འདི་དག་བརྒྱུད་པ་མ་ཟད། འབྲེལ་ཡོད་ཆ་འཕྲིན་དག་ལ་དོ་སྣང་བྱེད་དགོས།

༢ ཆིངས་འཇོག་མཁན་གྱི་ཟུར་བཀོད་རབ་དང་རིམ་པ་བརྒྱུད་ནས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་དང་རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས་ཀྱིས་འབད་པ་གང་ལེགས་བྱེད་དགོས། མཁའ་འགྲུལ་དང་མཚོ་འགྲུལ་གྱི་འབར་རྫས་ལས་ཐོན་ཞིང་མོན་ཋི་རེལ་ཆོད་ཡིག(Montreal Protocol)གིས་གཏན་འབེབས་མ་ཟིན་པའི་དྲོད་ཁང་གི་རླངས་གཟུགས་ཕྱིར་གཏོང་ཚོད་འཛིན་དང་ཇེ་ཉུང་གཏོང་དགོས།

༣ ཆིངས་འཇོག་མཁན་གྱི་ཟུར་བཀོད་རབ་དང་རིམ་པས་ཆོད་ཡིག་འདིའི་ཁོངས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱེད་པ་དང༌། ནུས་པ་ཆེན་པོས་ཤུགས་རྐྱེན་ངན་པ་བཀག་འགོག་བྱེད་དགོས། གནམ་གཤིས་འགྱུར་ལྡོག་དང་རྒྱལ་སྤྱིའི་ཉོ་ཚོང༌། ད་དུང་ཆིངས་འཇོག་མཁན་གཞན་དག་དང༌། ལྷག་ཏུ་འཕེལ་རྒྱས་འགྲོ་བའི་རྒྱལ་ཁབ་ཀྱི་ཆིངས་འཇོག་མཁན་དང་《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་༨པ་དང་༩པའི་ཁྲོད་དུ་བསྟན་པའི་ཆིངས་འཇོག་མཁན་གྱི་སྤྱི་ཚོགས་དང་ཁོར་ཡུག་དཔལ་འབྱོར་ཤུགས་རྐྱེན་སོགས་ལ་མི་ཕན་པའི་ཤུགས་རྐྱེན་ཇེ་ཉུང་གཏོང་བ།  དུས་མཉམ་དུ་《སྤྱི་ཆིངས》དོན་ཚན་གསུམ་པར་ཡང་དོ་སྣང་བྱེད་དགོས། ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཡིན་པ་ལས། ཆིངས་འཇོག་མཁན་གྲོས་ཚོགས་ཀྱིས་གོམ་གང་མདུན་སྤོས་ཀྱིས་དོན་ཚན་གྱིས་གཏན་འཁེལ་བྱས་པའི་བྱེད་ཕྱོགས་ལག་བསྟར་བྱེད་ཆོག

༤ ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཡིན་པ་གཞིར་བྱས། ཆིངས་འཇོག་མཁན་གྲོས་ཚོགས་ཀྱིས་གོང་གསལ་

ཚན་པ་དང་བོའི་རིམ་པ་A ཁྲོད་བསྟན་པའི་སྲིད་ཇུས་དང་བྱེད་ཐབས་གང་རུང་གི་སྙོམས་སྒྲིག་ནི་ཕན་ངེས་ཡིན་ལ། དུས་མཚུངས་སུ་རྒྱལ་ཁབ་ཀྱི་གནས་ཚུལ་མི་འདྲ་བའི་འོག་བཟོས་པའི་ཤུགས་རྐྱེན་ལའང་དོ་སྣང་བྱེད་དགོས། སྲིད་ཇུས་དང་བྱེད་ཐབས་་གསལ་བཤད་བྱེད་དང་གྲོས་ཞིབ་བྱེད་དགོས།

དོན་ཚན་གསུམ་པ།

༡ ཆིངས་འཇོག་མཁན་ཟུར་བཀོད་རབ་དང་རིམ་པས་སྒེར་དང་ཐུན་མོང་གང་རུང་སྒོས་ཟུར་བཀོད་ A ཁྲོད་བསྟན་པའི་དྲོད་ཁང་རླངས་གཟུགས་ཀྱི་མིས་བཟོས་དབྱང་གཉིས་ཐཱན་རྫས་ཕྱིར་གཏོང་ཚད་དེ་ཟུར་བཀོད་ B ཁྲོད་བསྟན་པ་ལས་བརྒལ་མི་རུང་བ་དང༌། དེ་ཚོད་འཛིན་དང་ཕྱིར་གཏོང་ཚད་ཇེ་ཉུང་གཏོང་བའི་གཏན་འཁེལ་དང་དོན་ཚན་འདིའི་གཏན་འཁེལ་ལྟར་གྲངས་ཚད་སྙོམས་བགོ་བྱེད་དགོས། ༢༠༠༨ལོ་ནས་༢༠༡༢བར་གྱི་གཏན་འཁེལ་དུས་ཚོད་ནང་དུ་རླངས་གཟུགས་ཡོད་ཚད་ཕྱིར་གཏོང་ཚད་དེ་༡༩༩༠ལོའི་ཚད་ནས་ ༥%ཉུང་དུ་གཏོང་དགོས།

༢ ཟུར་བཀོད་རྣམ་པའི་ཆིངས་འཇོག་མཁན་ཚོས་༢༠༠༥ལོར། ཆོད་ཡིག་འདིའི་གཏན་འཁེལ་ལྟར་འཕེལརྒྱས་ཀྱི་ཚད་ལ་དངོས་ཐོག་གི་བདེན་དཔང་བྱེད་དགོས།

༣ ༡༩༩༠ལོ་ནས་བཟུང་ས་ཁོངས་བེད་སྤྱོད་འགྱུར་ལྡོག་དང་ནགས་ལས་བྱ་འགུལ་དེ་ནག་འཛུགས་དང་ནགས་ལས་བསྐྱར་བཟོ། ནགས་གཅོད་པ་སོགས་ལས་ཕྱིར་བཏང་བའི་དྲོད་ཁང་རླངས་གཟུགས་ཀྱི་གཙང་སེལ་ཐད་ཀྱི་འགྱུར་ལྡོག་ལ་ཚོད་འཛིན་བྱེད་པ།

ཁ་ཆད་དུས་ཚོད་ནང་དུ་ཐཱན་གསོག་འཇོག་བྱས་པའི་ཕྱོགས་ལ་ཞིབ་བཤེར་ཆོག་པའི་འགྱུར་ལྡོག་ནས་ཚད་མཇལ་བ་དང༌།

ཟུར་བཀོད་རྣམ་པའི་ཆིངས་འཇོག་མཁན་སོ་སོས་ཆོད་ཡིག་འདིའི་གཏན་འཁེལ་ལྟར་བྱེད་སྤྱོད་དང་མངོན་འགྱུར་ཡོང་བ་བྱེད་དགོས།

བྱ་འགུལ་འདི་དག་དང་འབྲེལ་བའི་དྲོད་ཁང་རླངས་གཟུགས་ཀྱི་ཕྱིར་གཏོང་དང་གཙང་སེལ་བྱ་རྒྱུ་དེ་མངོན་གསལ་དང་ཞིབ་བཤེར་སྒོས་སྙན་

 

ཞུ་འབུལ་བ་དང༌། དོན་ཚན་༧པ་དང་༨པ་ལྟར་རྩད་འདྲི་བྱེད་དགོས།

 

༤ ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ལས་ཆིངས་འཇོག་མཁན་གྱི་སྐབས་དང་པོའི་གྲོས་ཚོགས་ཀྱི་སྔོན་དུ།

ཟུར་བཀོད་ཆིངས་འཇོག་མཁན་ཡོངས་ཀྱིས་གནས་ཚུལ་ཞུས་ཏེ་ཚན་རྩལ་འདྲི་རྟོག་ལས་ཁུངས་ཀྱིས་གྲོས་བཤེར་བྱེད་དགོས།

༡༩༩༠ལོའི་ཐཱན་གསོག་ཚད་དང་ལོ་རྗེས་མ་དག་གི་ནང་ཐཱན་གསོག་ཚད་ཐད་ཀྱི་འགྱུར་ལྡོག་ལ་ཚོད་དཔག་བྱེད་དགོས། ཆོད་ཡིག་འདིའི་

《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་ཡིན་པ་གཞིར་བྱས། སྐབས་དང་པོའི་གྲོས་ཚོགས་དང་རྗེས་ཀྱི་གྲོས་ཚོགས་ནང་དངོས་སུ་

 

བེད་སྤྱོད་དགོས་ཚེ། ཞིང་ལས་ས་གཤིན་དང་ས་ཞིང་བེད་སྤྱོད་འགྱུར་ལྡོག ད་དུང་ནགས་ལས་སོགས་དྲོད་ཁང་རིགས་སོ་སོའི་རླངས་གཟུགས་

 

ཁུངས་ཀྱི་ཕྱིར་གཏོང་དང་གཙང་སེལ་ཐད་ལ་འབྲེལ་ཡོད་ཀྱི་མིས་བཟོས་བྱ་འགུལ་གཞན་དག་ཇི་ལྟར་ཟུར་བཀོད་ཆིངས་འཇོག་གི་

སྙོམས་བགོའི་ཁ་གྲངས་ནས་སྣོན་འཕྲི་བྱེད་པ་དང༌། རྩ་དོན་དང་ཕྱོགས་སྟོན་ལ་ཐག་གཅོད་བྱེད་པ། དུས་མཚུངས་ཐག་གཅོད་མིན་པའི་རང་བཞིན་

 

སྣ་ཚོགས་དང༌། ཡར་ཞུ་བྱས་པའི་ཁ་གསལ་རང་བཞིན། ཞིབ་བཤེར་ཆོག་པའི་རང་བཞིན། ད་དུང་སྲིད་གཞུང་བར་གྱི་གནམ་གཤིས་

 

འགྱུར་ལྡོག་ཆེད་གཉེར་ཁང་གིས་བྱ་ཐབས་རིག་པའི་ལས་ཀ་དང༌། ཚན་རྩལ་འདྲི་རྟོག་ལས་ཁུངས་ཀྱིས་བསྟན་པའི་དོན་ཚན་ལྔ་བའི་

 

འདྲི་རྟོག་བསམ་འཆར་དང་《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་གཏན་འཁེལ་སོགས་ལ་དོ་སྣང་ནན་མོ་བྱེད་དགོས།

ཐག་གཅོད་འདི་རིགས་ཁ་ཆད་དུས་སྐབས་གཉིས་པ་དང་དེའི་རྗེས་ཀྱི་དུས་སྐབས་ནང་བེད་སྤྱོད་བྱེད་པ་ཡིན། ཆིངས་འཇོག་མཁན་

གྱིས་ཐོག་མའི་ཁ་ཆད་དུས་ནང་གི་ཕྱིར་གཏོགས་མིས་བཟོས་བྱ་འགུལ་གྱིས་ཐག་གཅོད་འདི་རིགས་དངོས་སྤྱོད་དང་གདམ་ག་བྱེད་དགོས་ལ།

བྱ་འགུལ་འདི་དག་༡༩༩༠ལོ་ནས་མགོ་བརྩམས་པ་འང་ཡིན་དགོས།

 

 

 

༥ རྨང་གཞིའི་ལོ་དང་དུས་སྐབས་ནི་《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་སྐབས་གཉིས་པའི་ཨང་ 9/CP。2པས་གཏན་འཁེལ་བྱེད་ཅིང༌། ཁྲོམ་རའི་དཔལ་འབྱོར་ལ་བརྒལ་བཞིན་པ་དང་《སྤྱི་ཆིངས》དོན་ཚན་༡༢པས་བཏོན་ཞིང་རྒྱལ་ཁབ་ཀྱི་ཐེངས་དང་པའི་ཆ་འཕྲིན་བརྒྱུད་སྒྲོག་བྱས་པའི་ཟུར་བཀོད་ཆིངས་འཇོག་མཁན་ཡོད་ཅོག་དང༌།ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》གྲོས་ཚོགས། དེ་དག་གིས་དོན་ཚན་འདི་འགན་ལེན་པའི་འོས་འགན་ཡོད་ལ། ༡༩༩༠ལོ་ཕུད་པའི་གཞན་གང་རུང་གི་རྨང་གཞིའི་ལོ་དང་དུས་སྐབས་ཡིན་ཆོག《སྤྱི་ཆིངས》གྲོས་ཚོགས་ཀྱི་ཆོད་ཡིག་ཡིན་ཕྱིན་བྱ་ཐབས་འདི་རིགས་ཀྱིས་ཐག་གཅོད་དང་དང་ལེན་བྱེད་དགོས།

༦ 《སྤྱི་ཆིངས》ཀྱི་དོན་ཚན་བཞི་བའི་ཚན་པ་༦པར་དམིགས་ནས། ཆོད་ཡིག་འདིའི་《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་

ཀྱིས་ཁྲོམ་རའི་དཔལ་འབྱོར་ལ་བར་བརྒལ་བྱེད་པའི་ཟུར་བཀོད་ཆིངས་ཡིག་རབ་དང་རིམ་པས་དོན་ཚན་འདིའི་ཐག་གཅོད་དང་གཏན་འཁེལ་དང་ལེན་བྱེད་དགོས་པ་མ་ཟད། ཁ་ཆད་གཞན་དག་གི་ཐད་ལ་འང་ཚད་ངེས་ཅན་སྒོས་གང་ལ་དེ་འཚམ་གྱིས་སྤྱོད་དགོས་པ་ཡིན།

༧ ༢༠༠༨ལོ་ནས་༢༠༡༢ལོའི་བར་གྱི་ཐོག་དང་བོའི་སྙིགས་རོ་ཚད་ཅན་གྱི་ཚོད་འཛིན་དང་ཇེ་ཉུང་གཏོང་བའི་ཁ་ཆད་དུས་ཚོད་ནང་དུ།  ཟུར་བཀོད་ཆིངས་ཡིག་རབ་དང་རིམ་པའི་སྙོམས་བགོ་གྲངས་ཚད་དེ་ཟུར་བཀོད་ B ཁྲོད་ནས་ཟུར་བཀོད་ A ཡི་དྲོད་ཁང་རླངས་གཟུགས་དེ་༡༩༩༠ལོ་འམ་ཡང་ན་གོང་གསལ་ནང་ཚན་ལྔ་པར་གཏན་འཁེལ་པའི་རྨང་གཞིའི་ཚད་ལོའམ་རྨང་གཞིའི་ཚད་དུས་ནང་འགྲོ་བ་མིས་ཕྱིར་བཏང་བའི་དབྱང་གཉིས་ཐྰན་རྫས་ཀྱི་སྤྱིའི་རྒྱུ་འབོར་ཤོངས་ཚད་གི་བརྒྱ་ཆའི་བསྡུར་ཚད་ལ་ལྔ་ཡིས་བསྒྱུར་དགོས། ས་ཆའི་བེད་སྤྱོད་འགྱུར་ལྡོག་དང་ནགས་ལས་ཀྱིས་༡༩༩༠ལོའི་དྲོད་ཁང་རླུངགཟུགས་ཀྱི་ནུས་ཁུངས་གཙང་མ་ཕྱིར་བཏོང་ཞེས་པའི་ཟུར་བཀོད་དང་པོར་བཀོད་པའི་དེ་གའི་སྤྱི་ཆིངས་འཇོག་མཁན་དག་གྲུབ་པ་དང་རྩིས་རྒྱག་དང་དབྱེ་བགོས་གྲངས་འབོར་གྱི་ཆེད་༡༩༩༠ལོའི་ཕྱིར་བཏོང་རྨང་གཞིའི་ཚད་ལོ་འམ་ཚད་དུས་ལ་ནུས་ཁུངས་སྣ་ཚོགས་ཀྱི་འགྲོ་བ་མིས་ཕྱིར་བཏང་བའི་དབྱང་གཉིས་ཐྰན་རྫས་སྤྱིའི་རྒྱུ་འབོར་ནས་༡༩༩༠ལོའི་གཙང་བསིལ་བྱས་པའི་ས་ཆའི་བེད་སྤྱོད་འགྱུར་ལྡོག་གི་རྩིས་མཐོ་དག་འཐེན་པ་དེ་བཅུག་དགོས།

༨ ཟུར་བཀོད་དང་པོར་བཀོད་པའི་སྤྱི་ཆིངས་འཇོག་མཁན་ག་གེ་མོས་གོང་གསལ་ནང་ཚན་བདུན་པར་བཤད་པའི་རྩིས་རྒྱག་གི་ཆེད་དུ་༡༩༩༥ལོ་ཆིང་ཧྥུ་ཐྰན་རྫས་དང་ཧྥུ་ཐྰན་རྫས་ཚང་མ་མུ་ཟི་ཧྥུ་རྫས་དྲུག་པ་དག་གི་རྨང་གཞིའི་ཚད་ལོར་བཞག་ནས་བེད་སྤྱོད་ཆོག།

༩ ཟུར་བཀོད་དང་པོར་བཀོད་པའི་སྤྱི་ཆིངས་འཇོག་མཁན་གྱིས་རྗེས་མའི་དུས་སྐག་གི་དམ་བཅའ་དེ་སྤྱི་ཆིངས་འདིའི་ཟུར་བཀོད B ནང་བཟོ་བཅོས་དང་གཏན་འཁེལ་དགོས་ཞིང་བཟོ་བཅོས་འདིའི་གཏན་འབེབས་དེ་དོན་ཚན་ཉེར་གཅིག་པའི་ནང་ཚན་བདུན་པར་བསྟན་པ་གཞིར་བཟུང་ནས་འཇོག་དགོས། ཆོས་ཡིག་འདི་འཇོག་མཁན་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་ཚོགས་འདུ་ཞིག་གི་ངོས་ནས་མ་མཐར་ཡང་གོང་གསལ་ནང་ཚན་དང་པོར་བསྟན་པའི་དམ་བཅའི་དུས་སྐག་ཨང་དང་པོ་མཇུག་མ་སྒྲིལ་སྔོན་གྱི་ལོ་བདུན་ནས་འགོས་བཙུགས་ཏེ་དམ་བཅའ་དེ་རིགས་ལ་ཞིབ་བཤེར་བྱེད་དགོས།

༡༠ སྤྱི་ཆིངས་འཇོག་མཁན་ག་གེ་མོ་གཅིག་གིས་དོན་ཚན་དྲུག་པའམ་དོན་ཚན་བཅུ་བདུན་པའི་གཏན་སྲོལ་བཞིར་བཟུང་སྤྱི་ཆིངས་འཇོག་མཁན་ཕྱོགས་གཞན་ཞིག་ནས་འཐོབ་པའི་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་གང་རུང་ཞིག་གམ་དབྱེ་དགོས་གྲངས་འབོར་གྱི་་ཆ་ཤས་གང་རུང་དེ་སྤྱི་ཆིངས་འཇོག་མཁན་ལ་འཐོབ་པའི་དབྱེ་དགོས་གྲངས་འབོར་ནང་བཅུག་དགོས།

༡༡ སྤྱི་ཆིངས་འཇོག་མཁན་ག་གེ་མོ་གཅིག་གིས་དོན་ཚན་དྲུག་པའམ་དོན་ཚན་བཅུ་བདུན་པའི་གཏན་སྲོལ་བཞིར་བཟུང་ཐོག་སྤྱི་ཆིངས་འཇོག་མཁན་ཕྱོགས་གཞན་ཞིག་ལ་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་གང་རུང་ཞིག་གམ་དབྱེ་དགོས་གྲངས་འབོར་གྱི་ཆ་ཤས་གང་རུང་ཅིག་ལ་ནང་ཤུགས་བྱས་ན་ནང་ཤུགས་བྱེད་མཁན་གྱི་དབྱེ་དགོས་གྲངས་འབོར་ནས་འཐེན་དགོས།

༡༢ སྤྱི་ཆིངས་འཇོག་མཁན་ག་གེ་མོ་གཅིག་གིས་དོན་ཚན་བཅུ་གཉིས་པའི་གཏན་སྲོལ་གཞིར་བཟུང་ནས་སྤྱི་ཆིངས་འཇོག་མཁན་ཕྱོགས་གཞན་ནས་འཐོབ་པའི་་ཕྱིར་བཏོང་ཉུང་འཕྲི་ར་འཕྲོད་ཟིན་པ་དག་སྤྱི་ཆིངས་འཇོག་མཁན་གྱི་དབྱེ་དགོས་གྲངས་འབོར་ནང་བཅུག་དགོས།

 

༡༣ ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་ག་གེ་མོ་གཅིག་གིས་དམ་བཅའི་དུས་སྐག་གང་རུང་ཞིག་གི་ནང་ཕྱིར་བཏོང་ཚད་དེ་དོན་ཚན་འདི་ལ་གཏན་འཁེལ་བའི་དབྱེ་དགོས་གྲངས་འབོར་གྲངས་ལས་ཆུང་ན་ཧེ་བག་འབོར་དེ་དག་སྤྱི་ཆིངས་འཇོག་མཁན་གྱིས་ཆ་རྐྱེན་བཏོན་ཏེ་སྤྱི་ཆིངས་འཇོག་མཁན་དེ་དག་གི་རྗེས་མའི་དམ་བཅའི་དུས་སྐག་གི་དབྱེ་དགོས་གྲངས་འབོར་ནང་བཅུག་དགོས།

༡༤ ཟུར་བཀོད་དང་པོར་བཀོད་པའི་སྤྱི་ཆིངས་འཇོག་མཁན་མི་རེ་ངོ་རེས་གཤམ་བཀོད་ཐབས་ལམ་བརྒྱུད་དེ་ཧུར་བརྩོན་ངང་གོང་སྨྲོས་ནང་ཚན་དང་པོའི་དམ་བཅའ་ཁག་ལག་བསྟར་བྱེད་དགོས་པ་སྟེ་དེ་ཡང་ཚད་ཆེ་ཤོས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱི་ཆིངས་འཇོག་མཁན་ཉུང་འཕྲི་བྱེད་དགོས་ཞིང་ལྷག་པར་《སྤྱི་ཆིངས》དོན་ཚན་བཞི་པའི་ནང་ཚན་བརྒྱད་པ་དང་ནང་ཚན་དགུ་པར་དམིགས་སུ་བསྟན་པའི་སྤྱི་ཆིངས་འཇོག་མཁན་དེ་དག་ལ་གནོད་པའི་སྤྱི་ཚོགས་དང་ཁོར་ཡུག་དཔལ་འབྱོར་གི་ཤུགས་རྐྱེན་དག་ཉུང་འཕྲི་བྱེད་དགོས།

《སྤྱི་ཆིངས》འཇོག་མཁན་ཚོགས་འདུའི་ནང་གི་དོན་ཚན་དེ་དག་ལག་བསྟར་བྱེད་པའི་འབྲེལ་ཡོད་གཏན་འབེབས་བཞིན་ ཆོས་ཡིག་འདི་འཇོག་མཁན་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་འདུ་ཚོགས་ཞིག་གི་ངོས་ནས་སྐབས་དང་པོའི་འདུ་ཚོགས་སྟེང་ཇི་ལྟ་བུའི་དགོས་ངེས་ཀྱི་བྱ་ཐབས་སྤེལ་ནས་ནུས་ཚད་ཀྱིས་མཇུག་འབྲས་ངན་པའི་གནམ་གཤིས་འགྱུར་བ་ཉུང་འཕྲི་བྱེད་པ་དང་ཇི་ལྟ་བུའི་བྱ་ཐབས་སྤེལ་ཏེ་གོང་སྨྲོས་དོན་ཚན་ནང་བཀོད་པའི་སྤྱི་ཆིངས་འཇོག་མཁན་ལ་ཤུགས་རྐྱེན་མི་ཐེབས་པ་ཡོང་རྒྱུར་ཞིབ་བཤེར་བྱེད་དགོས་པ་རེད་། ཞིབ་བཤེར་གྱི་ནང་དོན་ལ་མ་དངུལ་བསྡུ་རུབ་དང་འགན་ལེན་ལག་རྩལ་ནང་ཤུགས་ཚུདཡོད།

 

དོན་ཚན་བཞི་པ།

༡ དོན་ཚན་གསུམ་པར་གཏན་འབེབས་བྱས་པའི་དམ་བཅའ་བཞིན་ཟུར་བཀོད་དང་པོར་བཀོད་པའི་ཆོས་ཡིག་མཉམ་དུ་ལག་བསྟར་བྱེད་མཁན་དག་གིས་ཟུར་བཀོད་ A ནང་བཀོད་པའི་དྲོད་ཁང་རླུང་གཟུགས་དག་གི་འགྲོ་བ་མིའི་དབྱང་གཉིས་ཐྰན་རྫས་དེའི་ཚད་ཀྱི་ཕྱིར་བཏོང་བསྡོམས་འབོར་དེ་ཟུར་བཀོད་ B ནང་ཤོངས་པའི་ཚད་གཞི་དང་ཕྱིར་བཏོང་ཉུང་འཕྲིའི་དམ་བཅའ་དོན་ཚན་གསུམ་པར་གཏན་འབེབས་བྱས་པའི་དབྱེ་དགོས་གྲངས་འབོར་གྱི་རྩིས་རྒྱག་གཞིར་བཟུང་བ་དག་གི་ཚད་ལས་རྒལ་མེད་ན་དེ་དག་དམ་བཅའ་ལག་བསྟར་བྱེད་མཁན་དུ་རྩིས་ཆོག་ཞིང་ཆོས་ཡིག་འཇོག་པ་པོ་སོ་སོའི་ཕྱིར་བཏོང་ཚད་གི་དབྱེ་གྲངས་དེ་གྲོས་ཡིག་དེ་ལ་ཁ་གསལ་བཀོད་གོས།

༢ ཆོད་ཡིག་དེའི་རིགས་འཇོག་མཁན་ཚང་མས་ཆིངས་དེབ་སྤྲོད་ལེན་གྱི་མཆོག་མཆན་ནམ་མཁས་ལེན་ ཡང་ན་ཆིངས་དེབ་ཞིབ་དཔྱད་དམ་ཆིངས་དེབ་དེའི་ནང་མཇུག་བྱེད་པའི་དུས་ལ་ཆོད་ཡིག་གི་ནང་དོན་དེ་དྲུང་ཡིག་ཁང་ལ་བརྡ་ཐོ་གཏོང་དགོས་ཤིང་དྲུང་ཡིག་ཁང་གིས་ཆིངས་དེབ་གི་ནང་དོན་དེ་《སྤྱི་ཆིངས》འཇོག་མཁན་དང་མཛུབ་རྟགས་བཀོད་མཁན་ལ་བརྡ་ཐོ་གཏོང་དགོས།

༣ ཆོས་ཡིག་དེའི་རིགས་དེ་དོན་ཚན་གསུམ་པའི་ནང་ཚན་བདུན་པར་བརྟན་པའི་དམ་བཅའ་དུས་སྐག་ནང་མུ་མཐུད་ལག་ལེན་བསྟར་དགོས།

༤ གལ་ཏེ་ཆིངས་མཇོག་མཁན་དེ་དཔལ་འབྱོར་ཁྱབ་ཁོངས་གཅིག་འགྱུར་ཅན་གྱི་ཚོགས་པ་ཞིག་གི་སྒྲིག་གཞིའི་ནང་ཡོད་པ་དང་ཚོགས་པའི་ནང་མཉམ་དུ་ལས་དོན་སྒྲུབ་བཞིན་ཡོད་ན་ཆོས་ཡིག་དེའི་ད་ཡོད་ཀྱི་དམ་བཅའ་གཞིར་བཟུང་ཚོགས་པ་དེའི་གྲུབ་ཆར་ཆོས་ཡིག་མོས་མཐུན་རྗེས་ཀྱི་འགྱུར་ལྡོག་གང་རུང་གིས་ཤུགས་རྐྱེན་མི་ཐེབས་ཞིང་ཚོགས་པ་དེའི་རྩ་འཛུགས་ཀྱི་འགྱུར་བ་དོན་མཚན་གསུམ་པར་གཏན་འབེབས་པའི་དམ་བཅའ་བཞིར་བཟུང་བསྒྱུར་བཅོས་རྗེས་སུ་མུ་མཐུད་མཆོག་མཆན་ཐོབ་པ་དེ་དག་ལ་བེད་སྤྱད་ན་མཚམ་པ་ཡོད།

༥ ཆིངས་འཇོག་མཁན་དེ་ཁོང་ཚོའི་ཁྱོན་བསྡོམས་མཉམ་རུབ་དྲོད་ཁང་རླུང་གཟུགས་ཕྱིར་བཏོང་ཉུང་འཕྲིའི་ཚད་ལ་སླེབས་མེད་པ་ཞིག་ཡིན་ན་ཆིངས་དེའི་རིགས་འཇོག་མཁན་གྱིས་ཆོས་ཡིག་དེའི་ནང་ཚད་གཏན་འཁེལ་བྱས་པ་བཞིན་རང་སོ་སོའི་ཕྱིར་བཏོང་ཚད་ལ་འགན་འཁུར་དགོས།

༦ གལ་ཏེ་ཆིངས་འཇོག་མཁན་དེ་ཐོག་མ་ཉིད་ནས་ཆིངས་འཇོག་མཁན་གྱི་དཔལ་འབྱོར་ཁྱབ་ཁོངས་གཅིག་འགྱུར་ཅན་གྱི་ཚོགས་པའི་སྒྲིག་གཞི་ཞིག་གི་ནང་ཡོད་པ་དང་རྩ་འཛུགས་ནང་མཉམ་དུ་ལས་དོན་བསྒྲུབ་བཞིན་ཡོད་ན་དཔལ་འབྱོར་གཅིག་འགྱུར་ཅན་ཚོགས་པ་དེའི་རྒྱལ་ཁབ་མི་རེ་ངོ་རེ་དོན་མཚན་ཉེར་བཞི་པར་ལག་ལེན་བསྟར་པའི་དཔལ་འབྱོར་ཁྱབ་ཁོངས་གཅིག་འགྱུར་ཅན་གྱི་ཚོགས་པ་མཉམ་དུ་ཡོད་དགོས་ལ་གལ་ཏེ་ཁྱོན་བསྡོམས་མཉམ་རུབ་དྲོད་ཁང་རླུང་གཟུགས་ཕྱིར་བཏོང་ཉུང་འཕྲིའི་ཚད་ལ་སླེབས་མེད་ན་ དོན་མཚན འདིར་བརྡ་ཐོ་བཏང་བ་གཞིར་བཟུང་ཕྱིར་བཏོང་ཚད་ལ་འགལ་ལེན་དགོས།

དོན་ཚན་ལྔ་པ།

༡ ཟུར་བཀོད་དང་པོར་བཀོད་པའི་ཆིངས་འཇོག་མཁན་མི་རེ་ངོ་རེ་བ་དམ་བཅའི་དུས་བཀག་དང་པོ་འགོས་བཙུགས་པའི་ལོ་དང་པོ་ནས་མི་འགྱངས་པར་《 མོན་ཋི་རེལ་ཆོད་ཡིག》(Montreal Protocol) གིས་དོ་དམ་ཐུབ་མེད་པའི་འགྲོ་བ་མིའི་རིགས་ཀྱིས་བཏང་བ་དང་རྩིས་མཐོ་དག་ལས་མཐོ་བསུབ་ཟིན་པའི་དྲོད་ཁང་རླུང་གཟུགས་ཡོད་ཚད་ཀྱི་འབྱུང་ཁུངས་སྣ་ཚོགས་ཚོད་དཔག་བྱེད་པའི་རྒྱལ་ཁབ་ཀྱི་མ་ལག་རིགས་ཚན་ཞིག་འཛུགས་དགོས་ཞིང་གཤམ་གསལ་ནང་ཚན་གཉིས་པར་བསྟན་པའི་ཐབས་ཤེས་རིག་པ་དེ་རིགས་རྒྱལ་ཁབ་མ་ལག་རིགས་ཚན་གྱི་ཕྱོགས་སྟོན་ཞིག་ཏུ་མངོན་ཐུབ་པའི་ཆེད་ཆོད་ཡིག་འདི་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་སྐབས་དང་པོའི་ཚོགས་འདུ་ཞིག་གི་ངོས་ནས་ཐག་གཅོད་རྒྱུ་ཡིན།

༢ 《མོན་ཋི་རེལ་ཆོད་ཡིག》གིས་དོ་དམ་ཐུབ་མེད་པའི་འགྲོ་བ་མིའི་རིགས་ཀྱིས་བཏང་བ་དང་རྩིས་མཐོ་དག་ལས་མཐོ་བསུབ་ཟིན་པའི་དྲོད་ཁང་རླུང་གཟུགས་ཡོད་ཚད་ཀྱི་འབྱུང་ཁུངས་སྣ་ཚོགས་ཚོད་དཔག་བྱེད་པའི་ཐབས་ཤེས་རིག་པ་དེ་སྲིད་གཞུང་དབར་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་ཞིང་《སྤྱི་ཆིངས》འཇོག་མཁན་གྱི་སྐབས་གསུམ་པའི་ཚོགས་འདུར་གྲོས་འཆམ་པ་ཞིག་ཡིན་དགོས་གལ་ཏེ་ཐབས་ཤེས་དེའི་རིགས་བེད་མ་སྤྱོད་ན་ཆོད་ཡིག་དེ་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་དོན་གཞན་ལས་ད་དུང་སྲིད་གཞུང་དབར་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀ་དང་ཚན་རྩལ་འདྲི་སྒྲགས་ལས་ཁུངས་གིས་མཁོ་སྤྲོད་གནང་བའི་དྲི་བསྒྲགས་སམ་འཆར་གྱི་ཁོངས་གཏོགས་གི་རྨང་གཞིའི་ཐོག་དུས་སྐག་ཞིབ་དཔྱད་དང་ AAAA ཆབ་གཅིག་《སྤྱི་ཆིངས》འཇོག་མཁན་ཚོགས་འདུར་བཏོན་པའི་འབྲེལ་ཡོད་གཏན་འབེབས་ཚང་མར་བསམ་བློ་ཞིབ་ཕྲ་གཏོང་དགོས། ཐབས་ཤེས་རིག་པའི་བཟོ་བཅོས་སམ་དག་བཅོས་གང་རུང་དེ་ཞུ་དག་རྗེས་སུ་མུ་མཐུད་གྲོས་འཆམ་བྱུང་བའི་དམ་བཅའི་དུས་སྐག་གང་རུང་ཀྱི་ནང་ དོན་ཚན་གསུམ་པའི་གཏན་འབེབས་བཞིན་དམ་བཅའ་སྲུང་བརྩིའི་ཆེད་དུ་བེད་སྤྱོད་དགོས།

༣ ཟུར་བཀོད་Aནང་བཀོད་པའི་འགྲོ་བ་མིས་གློད་པ་དང་རྩིས་མཐོ་སྣ་ཚོགས་ལས་མཐོ་བསུབ་ཟིན་པའི་དྲོད་ཁང་རླུང་གཟུགས་འབྱུང་ཁུངས་ཀྱི་འཛམ་གླིང་ཁྱོན་གྱི་དྲོད་ཚད་འཕར་བའི་སྦས་ཤུགས་ཀྱི་ཚད་ལ་རྩིས་རྒྱག་ཆེད་དུ་སྲིད་གཞུང་དབར་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་ཁས་ལེན་ཞིང་《སྤྱི་ཆིངས》འཇོག་མཁན་གྱི་སྐབས་གསུམ་པའི་ཚོགས་འདུར་གྲོས་འཆམ་པ་ཞིག་ཡིན་དགོས།

ཆོས་ཡིག་འདི་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་དོན་གཞན་ལས་ད་དུང་སྲིད་གཞུང་དབར་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀ་དང་ཚན་རྩལ་འདྲི་སྒྲགས་ལས་ཁུངས་ཀྱིས་མཁོ་འདོན་བྱས་པའི་འདྲི་སྒྲགས་བསམ་འཆར་ཁོངས་གཏོགས་ཐོག་ དྲོད་ཁང་རླུང་གཟུགས་དེ་རིགས་འཛམ་གླིང་ཁྱོན་གྱི་དྲོད་འཕར་སྦས་ནུས་ཚད་ལ་དུས་བཀག་ཞིབ་དཔྱད་དང་ཞུ་དག་བྱས་པ་སྦྲགས་《སྤྱི་ཆིངས》འཇོག་མཁན་ཚོགས་འདུར་བཏོན་པའི་འབྲེལ་ཡོད་གཏན་འབེབས་ཚང་མར་བསམ་བློ་ཞིབ་ཕྲ་གཏོང་དགོས་འཛམ་གླིང་ཁྱོན་གྱི་དྲོད་འཕར་སྦས་ནུས་ཚད་ཀྱི་བཟོ་བཅོས་གང་རུང་དེ་བཟོ་བཅོས་ཀྱི་རྗེས་སུ་མུ་མཐུད་གྲོས་འཆམ་བྱུང་བའི་དམ་འི་དུས་བཀག་གང་རུང་གི་ནང་དོན་ཚན་གསུམ་པའི་གཏན་འབེབས་བཞིན་དམ་བཅའ་བ་དེར་བེད་སྤྱོད་དགོས།

དོན་ཚན་དྲུག་པ།

༡ དོན་ཚན་གསུམ་པའི་དམ་བཅའ་ལག་ལེན་བསྟར་བའི་ཆེད་དུ་ཟུར་བཀོད་དང་པོར་བཀོད་པའི་ཆིངས་འཇོག་མཁན་གང་རུང་གིས་ཆིངས་འཇོག་མཁན་དེ་འདྲའི་གཞན་གང་རུང་ལ་དཔལ་འབྱོར་སྡེ་ཁག་གང་རུང་གི་འགྲོ་བ་མིས་བཏང་བའི་དྲོད་ཁང་རླུང་གཟུགས་ཀྱི་འབྱུང་ཁུངས་སྣ་ཚོགས་ཉུང་འཕྲི་འམ་འགྲོ་བ་མིའི་རྐྱེན་གྱིས་མཐོ་བསུབ་ཟིན་པའི་རྩིས་མཐོ་སྣ་ཚོགས་ཁ་གསལ་དུ་གཏང་བའི་ནང་སེས་ཀྱིས་མཐོན་པའི་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་དག་ནང་ཤུགས་སམ་ཁོ་ཚོའི་ས་ནས་མཐོབ་པ་བྱེད་ཆོག། ཡིན་ཡང་(a) ནང་སེས་དེ་རིགས་ཚང་མ་འབྲེལ་ཡོད་ཆིངས་འཇོག་མཁན་གྱི་མཆོག་མཆན་ཐུབ་པ་ཡིན་དགོས།

 

(b) ནང་སེས་དེ་རིགས་ཚང་མ་དྲོད་ཁང་རླུང་གཟུགས་གློད་བཏོང་འབྱུང་ཁུངས་ཉུང་འཕྲི་འམ་རྩིས་མཐོའི་མཐོ་བསུབ་པ་ཁ་གསལ་དུ་གཏོང་ཐུབ་པ་དགོས་ཏེ་ཁ་གསལ་ལམ་ཉུང་འཕྲི་དེས་ཐབས་ལམ་གཞན་ལས་བྱུང་བའི་ཁ་གསལ་ལ་མ་ཉུང་འཕྲི་ལ་ཕོག་ཐུག་མེད་པ་ཞིག་ཡིན་དགོས།

(c) གལ་ཏེ་ཆིངས་འཇོག་མཁན་གྱིས་དོན་ཚན་ལྔ་པ་དང་དྲུག་པར་གཏན་འབེབས་བྱས་པའི་འོས་འགན་ལ་སྲུང་བརྩི་མ་བཞུས་ན་དེ་རིགས་ལ་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་གཅིག་ཀྱང་ཐོབ་དབང་མེད།

(d) ཕྱིར་བཏོང་ཉུང་འཕྲིའི་ཚན་པ་ཐོབ་པ་དེ་དོན་ཚན་གསུམ་པར་གཏན་འབེབས་བྱས་པའི་དམ་བཅའ་ལག་ལེན་བསྟར་པའི་ཆེད་དུ་རྒྱལ་ཁབ་དེའི་ཁ་གསབ་བྱ་སྤེལ་ཞིག་ཡིན།

༢ ཆོས་ཡིག་འདི་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》ཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་སྐབས་དང་པོའི་ཚོགས་འདུ་འམ་རྗེས་སུ་དངོས་སུ་ལག་ལེན་བསྟར་སྐབས་དོན་ཚན་འདི་དངོས་སུ་ལག་ལེན་བསྟར་བའི་ཆེད་དུ་རྟག་དཔྱད་དང་སྙན་ཞུ་ཚུད་པའི་གོམ་གང་མདུན་སྤོས་ཀྱི་ཁ་ཕྱོགས་གཅིག་མདིངས་དགོས།

༣ ཟུར་བཀོད་དང་པོར་བཀོད་པའི་སྤྱི་ཆིངས་འཇོག་མཁན་གྱིས་ཁྲིམས་ལུགས་ཀྱི་དབང་ཆ་དངོས་སུ་འཁྱེར་ནས་སྤྱི་ཆིངས་འཇོག་མཁན་གྱི་འགན་འཁུར་འོག་དོན་ཚན་འདི་མཐོན་པ་དང་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་ནང་ཤུགས་སམ་འཐོབཔའི་བྱེད་སྒོ་གང་རུང་ལ་བཞུགས་ཆོག

༤ གལ་ཏེ་དོན་ཚན་བརྒྱད་པའི་འབྲེལ་ཡོད་གཏན་འབེབས་བཞིན་ཟུར་བཀོད་དང་པོར་བཀོད་པའི་ཆིངས་འཇོག་མཁན་གྱིས་དོན་ཚན་འདིར་བསྟན་པའི་བླང་བྱ་ལག་ལེན་འཁྲོད་གནས་ཚུལ་ཡོད་པ་ཤེས་ན་གནས་ཚུལ་གང་ཡིན་པ་གསལ་རྟོགས་ཐུབ་རྗེས་ཕྱིར་བཏོང་ཉུང་འཕྲིའི་ཚན་པ་མུ་མཐུད་ནང་ཤུགས་སམ་འཐོབ་པ་བྱེད་ཆོག་ཡིན་ཡང་སྲུང་བརྩིའི་ནང་དོན་གང་ཡིན་པ་ཐག་བཅོད་མ་ཐུབ་སྔོན་ལ་སྤྱི་ཆིངས་འཇོག་མཁན་སུས་ཀྱང་ཕྱིར་བཏོགང་ཉུང་འཕྲིའི་ཚན་པ་བེད་སྤྱད་ནས་དོན་ཚན་གསུམ་པའི་དམ་བཅའ་ལག་ལེན་བསྟར་མི་ཆོག

དོན་ཚན་བདུན་པ།

༡ ཟུར་བཀོད་དང་པོར་བཀོད་པའི་སྤྱི་ཆིངས་འཇོག་མཁན་ཚང་མས་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུར་འབྲེལ་ཡོད་ཐག་བཅོད་བྱུང་བ་ཡར་སྐྱེལ་བའི་《མོན་ཋི་རེལ་ཆོད་ཡིག》གིས་དོ་དམ་ཐུབ་མེད་པའི་འགྲོ་བ་མིས་བཏང་བ་དང་རྩིས་མཐོ་སྣ་ཚོགས་ལས་མཐོ་བསུབ་ཟིན་པའི་དྲོད་ཁང་རླུང་གཟུགས་འབྱུང་ཁུངས་སྣ་ཚོགས་ཀྱི་དུས་མཇུག་རྩིས་རྒྱག་བཞིར་བཟུང་གཤམ་གསལ་ནང་ཚན་བཞི་པར་གཏན་འཁེལ་བ་བཞིན་དོན་ཚན་གསུམ་པར་སྲུང་བརྩི་ཡོང་བའི་ཆེད་དུ་ཁ་གསབ་ཡི་གེ་འདི་བྲིས་པ་ཡིན། ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་མི་རེ་ངོ་རེས་སྤྱི་ཆིངས་ཀྱི་དོན་ཚན་བཅུ་གཉིས་པ་ལྟར་རྒྱལ་ཁབ་ཆ་འཕྲིན་བརྡ་སྦྱོར་ནང་གཤམ་གསལ་གྱི་ནང་ཚན་བཞི་པར་གཏན་འཁེལ་བའི་ནང་དོན་དགོས་ངེས་ཀྱི་ཁ་སྣོན་བྱེད་དགོས་ཤིང་ཆ་འཕྲིན་ནང་དོན་དེ་དེ་གའི་ཆོས་ཡིག་གི་དམ་བཅའི་གནས་ཚུལ་ལ་བརྩི་སྲུང་བྱེད་དགོས།

༣ ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་མི་རེ་ངོ་རེས་རང་གི་ཆོས་ཡིག་་དེའི་ནུས་པ་ཐོན་རྗེས་ཀྱི་དུས་བཀག་གི་ལོ་དང་པོར་སྤྱི་ཆིངས་བཞིར་བཟུང་ཐེངས་དང་པོའི་མཐོ་བཀོད་དུས་ཡར་སྤྲོད་དགོས༌། གོང་གི་ནང་ཚན་དང་པོར་རེ་བའི་ཆ་འཕྲིན་རྣམས་ལོ་ལྟར་བཞིན་ཡར་སྤྲོད་དགོས་ལ་ལོ་ལྟར་དེ་འདྲ་བའི་སྤྱི་ཆིངས་འཇོག་མཁན་གྱིས་གོང་གི་ནང་ཚན་གཉིས་པར་རེ་བའི་ཆ་འཕྲིན་རྣམས་ཡར་སྤྲད་དེ་དེ་གའི་ཆོས་ཡིག་ནུས་པ་ཐོན་པའི་རྗེས་དང་གཤམ་གྱི་ནང་ཚན་བཞི་པར་ཁ་ཕྱོགས་ཞིག་བསྟན་པ་་བརྒྱུད་རྗེས་ཡར་སྤྲོད་བྱས་ཏེ་རྒྱལ་ཁབ་ཆ་འཕྲིན་བརྡ་སྦྱོར་གྱི་ཐེངས་དང་པོའི་ཆ་ཤས་ཞིག་མཚོན་པར་བྱས་ཡོད་དེ་རྗེས་དེ་གའི་་རེ་བ་བཞིན་ཆ་འཕྲིན་རྣམས་གང་འགྱོགས་ཡར་སྤྲོད་བྱེད་དགོས། ཆོས་ཡིག་དེ་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་གཏན་འཁེལ་བྱེད་དགོས་པ་དང་ཆབས་གཅིག་བསམ་གཞིགས་བྱེད་དགོས་པ་ནི་སྤྱི་ཆིངས་ཚོགས་འདུའི་ནང་རྒྱལ་ཁབ་ཆ་འཕྲིན་བརྡ་ཁྱབ་གྱིས་གཏན་འཁེལ་བྱས་པའི་དུས་ཚོད་ཀྱི་རེའུ་མིག་ག་གེ་མོ་ཞིག་ཡར་སྤྲོད་བྱེད་དགོས་པ་དེ་ཡིན།

༤ ཆོས་ཡིག་དེ་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་ད་ཐེངས་གི་སྐབས་དང་པོའི་ཚོགས་འདུ་བརྒྱུད་རྗེས་མའི་གཏན་འབེབས་ཀྱི་དུས་ཚོད་ནང་དེ་གའི་རེ་བའི་ཆ་འཕྲིན་དང་ཕྱོགས་སྟོན་ལ་ཞིབ་བཅོས་དང་འཕྲི་སྣོན་བྱ་རྒྱུར་གཏན་འབེབས་བྱེད་དགོས། དེ་གའི་ཆོས་ཡིག་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་དམ་བཅའི་དུས་བཀག་ཨང་དང་པོ་མ་སླེབས་གོང་ནསདབྱེ་བགོས་གྲངས་འབོར་གྱི་རྩིས་རྒྱག་ཐབས་ལམ་ཐག་གཅོད་བྱ་དགོས།

དོན་ཚན་བརྒྱད་པ།

ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་གྱིས་དོན་ཚན་བདུན་པ་ལྟར་རྒྱལ་ཁབ་ཆ་འཕྲིན་བརྡ་སྦྱོར་ཡར་སྤྲོད་བྱས་ཏེ་རིགས་གཅིག་མཁས་དབང་ཞིབ་དཔྱད་ཚོགས་ཆུང་ཡིས་སྤྱི་ཆིངས་འཇོག་མཁན་ཚོགས་འདུའི་འབྲེལ་ཡོད་ཐགས་གཅོད་དང་དེ་གའི་ཆོས་ཡིག་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུ་ཞིག་གི་ངོས་ནས་གཤམ་བཀོད་ནང་ཚན་བཞི་ཡིས་དེའི་དམིགས་ཡུལ་ཁ་ཕྱོགས་ལ་ཞིབ་དཔྱད་བྱས་ཡོད་ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་མི་རེ་ངོ་རེས་དོན་ཚན་བདུན་པའི་ནང་ཚན་དང་པོ་ལྟར་ཆ་འཕྲིན་ཡར་སྤྲོད་དེ་ཕྱིར་བཏོང་མཐོ་བཀོད་དང་དབྱེ་བགོས་གྲངས་འབོར་གྱི་ལོ་རེའི་བསྡུ་བསྒྲིགས་དང་རྩིས་རྒྱག་གི་ཆ་ཤས་ཞིབ་དཔྱད་བྱེད་དགོས་པ་ལས་གཞན་ད་དུང་ཟུར་བཀོད་དང་པོར་བཀོད་པ་བཞིན་སྤྱི་ཆིངས་འཇོག་མཁན་གྱིས་དོན་ཚན་བདུན་པའི་ནང་ཚན་གཉིས་པར་ཡར་སྤྲོད་བྱེད་ཀྱི་་ཆ་འཕྲིན་དེ་ཆ་འཕྲིན་བརྡ་སྦྱོར་ཞིབ་དཔྱད་ཀྱི་ཆ་ཤས་ཞིག་ཏུ་བརྩི་དགོས༌།

༢་ རིགས་གཅིག་མཁས་དབང་ཞིབ་དཔྱད་ཚོགས་ཆུང་ཡིས་སྤྱི་ཆིངས་གཞིར་བཞག་སྤྱི་ཆིངས་འཇོག་མཁན་ཚོགས་འདུའི་དམིགས་ཡུལ་དེ་མཁོ་འདོན་མཛུབ་ཁྲིད་བྱེད་དགོས་པ་དང་དྲུང་ཡིག་ཁང་ནས་ལེགས་བསྒྲིགས་བྱེད་དགོས་ཞིང་དེ་དང་འབྲེལ་བའི་སྤྱི་ཆིངས་ནང་གི་སྤྱི་ཆིངས་འཇོག་མཁན་དེ་འོས་འཚམ་གྱི་གནས་ཚུལ་འོག་སྲིད་གཞུང་དབར་སྒྲིག་བཙུགས་ནས་མིང་གསལ་བསྟོན་པའི་རིགས་གཅིག་མཁས་དབང་ནང་ནས་འདེམས་ཐོན་བྱུང་བའི་མི་སྣས་གྲུབ་པ་ཞིག་ཡིན།

༣ ཞིབ་དཔྱད་ཀྱི་བརྒྱུད་རིམ་ནང་སྤྱི་ཆིངས་འཇོག་མཁན་གྱིས་ཆོས་ཡིག་གི་གང་ཅིའི་ཐད་དང་ཕྱོགས་ཚང་མའི་ལག་རྩལ་ལ་རྟོགས་ཞིབ་་བྱེད་དགོས། རིགས་གཅིག་མཁས་དབང་ཞིབ་དཔྱད་ཚོགས་ཆུང་ཡིས་སྙན་ཞུ་ཞིག་བྲིས་ནས་ཡར་སྤྲོད་གྱིས་་དེ་གའི་ཆོས་ཡིག་འཇོག་མཁན་གྱི་ཚོགས་འདུའི་《སྤྱི་ཆིངས》འཇོག་མཁན་གྱི་ཚོགས་འདུར་བརྩི་དགོས་ཞིང་སྙན་ཞུའི་ནང་དེ་གའི་སྤྱི་ཆིངས་འཇོག་མཁན་གྱིས་དམ་བཅའ་བའི་ནང་དོན་རྟོགས་ཞིབ་དང་དམ་བཅའ་མངོན་འགྱུར་ཐོག་མཐོན་པའི་གནད་དོན་གང་རུང་གསལ་བྲིས་བྱེད་དགོས་པ་དང་སྦྲགས་དམ་བཅའ་མངོན་འགྱུར་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་ཆ་གང་རུང་ཡང་གསལ་འདེབས་བྱེད་དགོས། དེ་འདྲའི་སྙན་ཞུ་དེ་དྲུང་ཡིག་ཁང་ནས་སྤྱི་ཆིངས་འཇོག་མཁན་ཚན་པ་ཁག་ལ་སྐྱེལ་དགོས་ཞིང་དྲུང་ཡིག་ཁང་གིས་སྙན་ཞུའི་ནང་དོན་དེ་《སྤྱི་ཆིངས》འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཆིངས་འཇོག་མཁན་གྱིས་ཚོགས་འདུའི་ནང་དུ་གོམ་གང་མདུན་སྤོས་ཀྱིས་གྲོས་ཞིབ་བྱེད་དགོས།

༤ ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཆིངས་འཇོག་གྲོས་ཚོགས་ཀྱིས་སྐབས་དང་བོའི་འདུ་ཚོགས་སྟེང་དུ་གྲོས་ཟིན་པ་དང་རྗེས་ནས་ཆེད་་མཁས་པས་རྟོག་ཞིབ་བྱས་ཟིན་པའི་ཕྱོགས་སྟོན་ལྟར་དུ།《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་དོ་སྣང་བྱེད་དགོས།

༥ ཆོད་ཡིག་འདིའི་ཆིངས་འཇོག་གྲོས་ཚོགས་ཀྱི་《སྤྱི་ཆིངས》གྲོས་ཚོགས་ཀྱིས་ཟུར་གཏོགས་ལག་བསྟར་ལས་ཁུངས་དང་ཟུར་གཏོགས་ཚན་རྩལ་འདྲི་རྟོག་ལས་ཁུངས་ཀྱི་གཞོགས་འདེགས་འོག་ཏུ་གཤམ་གྱི་དོན་ཚན་དག་གྲོས་ཞིབ་བྱེད་དགོས།

(a) ཆིངས་འཇོག་མཁན་གྱི་དོན་ཚན་བདུན་པའི་འདོན་སྤྲོད་ཀྱི་ཆ་འཕྲིན་དང་དོན་ཚན་འདིའི་ཆེད་མཁས་མི་སྣས་འདི་རྟོག་བྱས་པའི་སྙན་ཞུའི་བླང་བྱ་དང་མཐུན་དགོས།

(b) དྲུང་ཡིག་ཁང་གིས་གོང་གི་དོན་ཚན་གསུམ་པའི་ལག་བསྟར་གནད་དོན་དང་དེ་བཞིན་ཆིངས་འཇོག་མཁན་གྱིས་བཏོན་པའི་གནད་དོན་གང་རུང་དཔྱད་གཞིར་འཛིན་དགོས།

༦ གོང་གསལ་དོན་ཚན་ལྔ་བའི་ནང་བཏོན་པའི་ཆ་འཕྲིན་གྱི་གྲོས་ཞིབ་གནས་ཚུལ་ལ་གཞིགས་ནས་ཆིངས་འཇོག་མཁན་གྱི་《སྤྱི་ཆིངས》

ཚོགས་འདུའི་ངོས་ནས་བཤད་ན་ངེས་པར་དུ་རྣམ་གྲངས་ཚང་མར་ལག་བསྟར་བྱེད་དགོས་པའི་རེ་འདུན་གཏན་འཁེལ་བྱེད་དགོས།

 

དོན་ཚན་དགུ་བ།

༡ ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཆིངས་འཇོག་གྲོས་ཚོགས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་དེར་ཤུགས་རྐྱེན་ཐེབས་པའི་ཚན་རིག་ཆ་འཕྲིན་དག་བསྡུ་རུབ་དང༌། དེ་འབྲེལ་གྱི་ལག་རྩལ། ད་དུང་སྤྱི་ཚོགས་དང་དཔལ་འབྱོར་ཆ་འཕྲིན་སོགས་ལ་གཞིགས་ནས་ཆོད་ཡིག་འདིར་བསྐྱར་ཞིབ་བྱེད་དགོས། བསྐྱར་ཞིབ་འདི་དག་《སྤྱི་ཆིངས》དང༌། ལྷག་ཏུ་《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་གཉིས་པའི་(d)ཁག་དང་ཚན་པ་བདུན་པའི་(a)ཁག་གིས་བླང་བྱ་ལྟར་དུ་སྙོམས་སྒྲིག་བྱེད་དགོས། གྲོས་ཞིབ་འདི་དག་གི་རྨང་གཞིའི་སྟེང་དུ་ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྱི་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཆིངས་འཇོག་གྲོས་ཚོགས་ཀྱི་འོས་འཚམ་གྱི་བྱེད་སྒོ་སྤེལ་དགོས།

༢ གྲོས་ཞིབ་ཐེངས་དང་པོ་དེ་ཆོད་ཡིག་འདིའི་ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་《སྤྱི་ཆིངས》ཆིངས་འཇོག་གྲོས་ཚོགས་སྐབས་གཉིས་པའི་སྟེང་དུ་གྲོས་ཞིབ་བྱེད་དགོས་ལ། གྲོས་ཞིབ་གཏིང་ཟབ་དེ་དུས་ཆད་ལྟར་བྱེད་དགོས།

དོན་ཚན་བཅུ་བ།

ཆིངས་འཇོག་མཁན་ཚང་མས་ཐུན་མོང་ཡིན་ལ་སོ་སོའི་འོས་འགན་ལ་ཁྱད་པར་ཡོད་པའི་དམིགས་བསལ་རྒྱལ་ཁབ་དང་ས་ཁུལ་འཕེལ་རྒྱས་ཀྱི་གོ་རིམ་དང༌། དམིགས་ཡུལ། གནས་ཚུལ་སོགས་ཟུར་བཀོད་དང་བོའི་ནང་དུ་བཀོད་པར་ཁ་ཆད་དང་དམ་བཅའ་གསར་བ་གང་ཡང་མེད་པ་དང༌། 《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་དང་པོའི་གཏན་འཁེལ་ལྟར་ད་ལྟའི་ཁ་ཆད་དང་མུ་མཐུད་དུ་ཁ་ཆད་དང་དམ་བཅའ་བཞེས་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གནས་ཚུལ་འོག་ཏུ།《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་༣པ་དང༌། ཚན་པ་ ༥ པ། ༧ པ བཅས་ལ་དོ་སྣང་བྱེད་དགོས་པ་མ་ཟད། ད་དུང༌། གཤམ་གྱི་དོན་ཚན་དག་ལ་ཡང་དོ་སྣང་ནན་མོ་བྱེད་དགོས།

(a) འབྲེལ་ཡོད་དང་དེ་མིན་གྱི་ཁྱབ་ཁོངས་ནང་དུ། མ་རྩའི་ཁེ་སྤོགས་དང་མཐུན་པའི་རྒྱལ་ཁབ་ཀྱི་ཐབས་ལམ་རིགས་ཤིག་གཏན་འབེབས་དང་འོས་འཚམ་གནས་ཚུལ་འོག་ཏུ་ས་ཁུལ་གྱི་ཐབས་ལམ་རིགས་ཤིག་གཏན་འབེབས་བྱེད་པ། ཆིངས་འཇོག་མཁན་སོ་སོའི་སྤྱི་ཚོགས་དཔལ་འབྱོར་གྱི་ཚད་གཞི་མཚོན་པའི་གནས་སུ་རྒྱུ་རྐྱེན་འདོར་བ་དང༌། བྱེད་སྒོའི་གྲངས་ཚད། ལམ་ལུགས་ཀྱི་སྤུས་ཚད་སོགས་ལེགས་བཅོས་བྱེད་དགོས། 《 མོན་ཋི་རེལ་ཆོད་ཡིག》གིས་དོ་དམ་ཟིན་མེད་པའི་དྲོད་ཁང་རླངས་གཟུགས་ཀྱི་མིས་བཟོས་ཕྱིར་གཏོང་དང་ཕྱིར་གཏོང་སྣ་ཚོགས་ཀྱི་རྒྱལ་ཁབ་ཀྱི་ཡིག་བྱང་བསྐྱར་སྒྲིག་དང་གསར་བཅོས་བྱེད་དགོས།  དུས་མཉམ་དུ་《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་ལས་གཏན་འཁེལ་བའི་བསྡུར་བའི་ཐབས་བེད་སྤྱོད་བྱེད་ཆོག་ལ། ད་དུང་《སྤྱི་ཆིངས》གྲོས་ཚོགས་ལས་ཆོག་མཆན་ཐོབ་པའི་རྒྱལ་ཁབ་ཆ་འཕྲིན་བསྡུ་སྒྲིག་གི་ཕྱོགས་སྟོན་གྲངས་ཚད་དང་ཡང་བསྟུན་དགོས།

(b) རིམ་དྲོད་གནམ་གཤིས་འགྱུར་ལྡོག་གི་བྱེད་ཐབས་ལ་སྒྲིག་བཟོ་དང་ལག་ལེན། ཁྱབ་བསྒྲགས། དུས་ལྟར་གསར་བཅོས་བྱེད་པ་སོགས་གནམ་གཤིས་འགྱུར་ལྡོག་བྱེད་ཐབས་ཀྱི་རྒྱལ་ཁབ་ཀྱི་ཐབས་ལམ་དང་དེ་འོས་འཚམ་གནས་ཚུལ་འོག་ཏུ་ས་ཁུལ་གྱི་ཐབས་ལམ་ལག་བསྟར་བྱེད་དགོས།

གཅིག༽ བྱ་ཐབས་འདི་རིགས་ལ་གཞན་དག་ཕུད་པ་ལས། ནུས་ཁུངས་དང་སྐྱེལ་འདྲེན། བཟོ་ལས་སྡེ་ཁག་དང་ཞིང་ལས། ནགས་ལས་དང་སྙིགས་རྫས་དོ་དམ་སོགས་དང་འབྲེལ་བ་ཡོད། དེ་མིན་གཞན། ས་ཁུལ་འཆར་འགོད་ཀྱི་ལག་རྩལ་དང་ཐབས་ཤེས་ལ་གནམ་གཤིས་འགྱུར་ལྡོག་གི་ལེགས་བཅོས་གཏོང་ཆོག་པ་ཡིན།

གཉིས༽ ཟུར་བཀོད་ཆིངས་འཇོག་མཁན་གྱི་དོན་ཚན་བདུན་པའི་ཡར་སྤྲད་པའི་ཆོད་ཡིག་གི་ནང་དོན་ལྟར་བྱེད་སྒོ་སྤེལ་བ་དང༌།

རྒྱལ་ཁབ་གྱི་ཐབས་ལམ་འཆར་འཕྲིན་ཀྱང་ཁོངས་སུ་འདུ་བ། དེ་མིན་ཆིངས་འཇོག་མཁན་གྱིས་འབད་པས་ཁོ་ཚོའི་རྒྱལ་ཁབ་ནང་ཁུལ་གྱི་ཆ་འཕྲིན་ཡར་ཞུའི་ནང་དུ་འགོད་དགོས་བ་ནི་ཆིངས་འཇོག་མཁན་ལ་ཕན་པའི་གནམ་གཤིས་འགྱུར་ལྡོག་དང་ཤུགས་རྐྱེན་ངན་པའི་བྱེད་ཐབས་སོགས་ལ་གཟབ་དགོས། དེའི་ཁོངས་སུ་དྲོད་ཁང་རླངས་གཟུགས་ཇེ་ཉུང་གཏོང་བ་དང་ཇེ་མང་འགྲོ་བར་གཙང་སེལ་དང་ཤུགས་སྣོན་བྱེད་རྒྱུ། ནུས་ཤུགས་འཛུགས་སྐྲུན་དང་འོས་འཚམ་བྱེད་ཐབས་ཀྱི་ཐབས་ལམ་ལ་ཆ་འཕྲིན་ཐད་ཤུགས་སྣོན་བྱེད་རྒྱུ།

(c) མཉམ་ལས་བྱད་པ་དེ་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཁོར་ཡུག་ལ་ཕན་པའི་ལག་རྩལ་ཆེས་གཉེར་ལག་རྩལ་དང་ལས་སྟངས་སམ་བརྒྱུད་རིམ་སོགས་སྔོག་འདོན་བྱེད་པ༌།བཀོལ་སྤྱོད་དང་ཁྱབ་སྤེལ་གཏོང་ནས་གཞི་ཡོད་གོ་རིམ་ལྟར་འདིའི་ལྟ་བུའི་ལག་རྩལ།ཆེས་ཡོད་ལག་རྩལ་དང་ལས་སྟངས་སམ་བརྒྱུད་རིམ་རྣམས་སྟབས་བདེ་དང་བབ་སྟུན་ངང་ནས་འཕལ་རྒྱས་འགྲིམ་པའི་རྒྱལ་ཁབ་ལ་བརྒྱུད་སྤྲོད་དམ་ཇུས་ཡོད་ཐོབ་དུ་བཅུག ནང་སྒོས་སུ་སྲིད་ཇུས་དང་འཆར་གཞི་བཀོད་པ་ཡང་སྟབས་ལེགས་འབྲས་ལྡན་ངང་སྤྱི་ཡོད་དམ་སྤྱི་ཡོད་བཀོད་སྒྲིག་གིས་ཁོར་ཡུག་ལ་ཕན་ཡོད་ལག་རྩལ་བརྒྱུད་སྤྲོད་དང་ལག་ཐོན་བྱེད་དགོས།

(d) ཚན་རིག་ལག་་རྩལ་ཞིབ་འཇུག་ཕྱོགས་ནས་མཉམ་ལས་བྱེད་པ་ལྟ་རྟོགས་ཀྱི་མ་ལག་རྒྱུན་འཁྱོངས་དང་གྲངས་ཚང་ལ་འཕེར་རྒྱས་སུ་སྐུལ་བ་དང༌། གནམ་གཤིས་མ་ལག་དང་འབྲེལ་བའི་མི་་རྟག་པའི་ཆ་དང་གནམ་གཤིས་འགྱུར་ལྡོག་ལ་གནོད་རྐྱེན། ཡང་ན་འཁྲུག་རྩོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕངས་འབྲས་་ཚོགས་ལ་ཐབས་ནུས་ཉམས་མངས་སུ་འགྲོ་རུ་བཅུག་ནས། རང་རྒྱལ་གྱི་སྟོབས་ཤུགས་དར་སྤེལ་དང་ཤུགས་སྣོན་མཛད་པར། རྒྱལ་སྤྱིའམ་སྲིད་གཞུང་བར་ཞིབ་འཇུག་དང་ལྟ་རྟོགས་མ་ལག་ལེགས་བཅོས་དང་འབད་པ། དྲ་རྒྱ་སོགས་ལ་ཞུགས་ནས་《སྤྱི་ཆིངས》ལེའུ་ལྔ་བ་ལ་ཡང་འདང་གང་གཟབ་བྱེད་དགོས།

(e) རྒྱལ་སྤྱི་རིམ་པ་དང་བོའི་མཉམ་ལས་དང་གནས་ཚུལ་གཤིབ་ནས་དངོས་ཡོད་རྩ་འཛུགས་བཀོལ་སྤྱོད་ཐད་ལ་འཆར་བཀོད་དང་ལག་བསྟར་སློབ་གསོ་འམ་སྦྱོང་བརྡར་འཆར་གཞི་ལ་ཡང་ངོ༌། དེའི་ཁོངས་སུ་རང་རྒྱལ་ནུས་ཤུགས་འཛུགས་སྐྲུན་དང༌། ལྷག་ཏུ་ཤེས་ལྡན་མི་སྣ་དང་ལས་ཁུངས་ནུས་ཤུགས་ལ་ཤུགས་སྣོན་བྱེད་དགོས་ལ། ཆེད་མངགས་མི་སྣ་གསོ་སྦྱོང་དང་དེའི་ཁོངས་ཀྱི་ཆེད་མཁས་པ་གསོ་སྐྱོང་དང་བརྗེ་རེས་བྱེད་པ། ནང་སྒོས་སུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེད་མཁས་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྦྱི་དམངས་འདུ་ཤེས་སྐུལ་འདེད་དང་སྦྱི་དམངས་ཀྱིས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཆ་འཕྲིན་བསྡུ་སྤེལ་ལ་ཤུགས་སྣོན་རྒྱག་དགོས། འོས་འཚམ་གྱི་བྱེད་ཐབས་བརྒྱུད་ནས་《སྤྱི་ཆིངས》ཀྱི་འབྲེལ་ཡོད་ལས་ཁུངས་ཀྱིས་བྱ་འགུལ་འདི་དག་ལག་ལེན་བྱེད་དགོས། དུས་མཉམ་དུ་《སྤྱི་ཆིངས》ཀྱི་དོན་ཚན་དྲུག་པ་ལ་དོ་སྣང་བྱེད་དགོས།

(f) 《སྤྱི་ཆིངས》ཆིངས་འཇོག་མཁན་གྲོས་ཚོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་ཁྲོད་དུ་ཆོད་ཡིག་འདིའི་ནང་དོན་ལྟར་ཐབས་ལམ་དང་བྱེད་སྒོ་སྤེལ་དགོས།

(g) ཆོད་ཡིག་འདིའི་གཏན་འཁེལ་བྱས་པའི་ཁ་ཆད་ཀྱི་ཕྱོགས་སུ། 《སྤྱི་ཆིངས》དོན་ཚན་བཞི་བའི་ཚན་པ་ ༨ པར་དོ་སྣང་གཟབ་ནན་བྱེད