web analytics

ཁོ་ལོ་ར་ཌོ་གཙང་བོ།

༄༅།།སའི་གོ་ལའི་ཟུངས་ཁྲག་ཁོ་ལོ་ཪ་ཌོ་གཙང་པོ་ཞེས་པའི་དངོས་འབྱུང་གློག་བརྙན་འདི་ནི་ཨ་རིའི་ཁོ་ལོ་ར་ཌོ་གཙང་པོའི་འབྱུང་ཁུངས་ནས་མཚོ་ཁུག་བར་གྱི་ཟིན་བྲིས་རང་བཞིན་གྱི་གློག་བརྙན་ཞིག་ཡིན་ཞིང་། ཨ་རིའི་མི་འབོར་འཕེལ་བ་དང་བསྟུན་གཙང་པོའི་ཆུ་བེད་སྤྱོད་བྱེད་པ་ཚད་ལས་བརྒལ་ཡོད་སྟབས་ཁོ་ལོ་ར་ཌོ་གཙང་པོ་དེ་ད་སྐབས་ཡང་ཡང་རྒྱ་མཚོ་དུ་བཞུར་རྒྱུ་མེད་པའི་གནས་ཚུལ་བྱུང་ཡོད།

གློག་བརྙན་འདིའི་ནང་དུ་ཆུ་ཡི་བདག་དབང་དང་། ཆུ་བགོ་བྱ་རྒྱག་པ། གཏེར་ཁ་འདོན་ལས་ཆུ་ལ་གཙོག་སྐྱོན་ཤོར་བ། གཙང་པོའི་རྒྱུད་ཀྱི་ཡུལ་སྐོར་ལས་རིགས་དར་རྒྱས་དང་།ཆུ་རགས་རྒྱབ་པ་སོགས་འགྲོ་བ་མིའི་བྱ་སྤྱོད་ཀྱིས་གཙང་པོ་འདིའི་མ་ལག་ཡོངས་སུ་འགྱུར་བ་ཐེབས་པ་དང་། ཞིང་པ་དང་ཨ་རིའི་གདོད་མའི་ཡུལ་མི་༼ཨེན་དི་ཨན་༽མི་རིགས་དང་དེང་རབས་ཀྱི་ཆུའི་རིག་པ་མཁས་ཅན་ཁག་ལ་བཅར་འདྲི་བྱས་ཡོད་པའི་གློག་བརྙན་ཞིག་ཡིན།

གློག་བརྙན་འདི་ནི་བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་ཆེད་དུ་དམིགས་དེ་བཟོས་པ་ཞིག་ཡིན། བོད་ཡུལ་གྱི་ཆུ་ཆེན་དག་དང་སྐྱེ་ཁམས་མ་ཟད་འཛམ་གླིང་ཡོངས་ཀྱི་ཆུ་ཆེན་དག་དང་ཁོར་ཡུག་ལ་གནོད་ཚེ་ཚབས་ཆེན་ཕོག་བཞིན་པའི་དུས་འདིར་རང་རེའི་མི་རབས་གསར་བའི་སློབ་གསོའི་མཐུན་རྐྱེན་དང་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་ཆེད་དུ་བཟོས་པའང་ཡིན།

གློག་བརྙན་འདི་ནི་ད་ལྟ་DVD འོད་སྡེར་རུ་ཡོངས་སུ་གྲུབ་ཡོད་ཅིང་། དབྱིན་སྐད་དང་བོད་སྐད་ཀྱི་འདེམས་ཀ་ཡོད་པར་མ་ཟད་འོག་ཏུ་བོད་ཡིག་ཀྱང་ཤར་ཐུབ་པའི་འདེམས་ཀ་ཡོད་པ་བཟོས་ཡོད།

སའི་གོ་ལའི་ཟུངས་ཁྲག དཀའ་ངལ་དཔེར་ལེན།

དེང་རབས་ཀྱི་འཕེལ་རྒྱས་དང་དཔལ་འབྱོར་གྱི་མ་དངུལ་ཤུགས་ཆེན་ཕྱིན་དུས་བོད་ཡུལ་གྱི་རང་བྱུང་ཐོན་ཁུངས་དག་ལ་ཤུགས་རྐྱེན་ཕོག་བཞིན་ཡོད། ད་ལྟ་མདོ་དབུས་མཐོ་སྒང་གི་ས་ཆ་མང་པོ་རང་བྱུང་དུ་གནས་ཡོད་ན་ཡང་མ་འོངས་པར་མྱུར་ཏུ་ཆུ་
རགས་རྒྱག་པ་དང་གཏེར་ཁ་བརྐོ་བ། བཟོ་གྲྭ་སོགས་སྔར་ལས་ཀྱང་ཇེ་མང་དུ་འགྲོ་རྒྱུ་རེད།

བོད་ཡུལ་མཐོ་སྒང་ནི་ཡ་གླིང་ངམ་ཨེ་ཤ་ཡའི་ཆུ་ཆེན་བདུན་གྱི་འབྱུང་ཁུངས་ཡིན་ཞིང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ། རྒྱལ་མོ་རྔུལ་ཆུ། ཡར་ཀླུང་གཙང་པོ། ཆུ་བོ་གངྒ་
༼གླང་ཆེན་ཁ་འབབ༽སེང་གེ་ཁ་འབབ་སོགས་ཆུ་ཆེན་དེ་དག་ནི་ཀྲུང་གོ་དང་། འབར་མ། ཐེ་ལན་ཌི། ཁམ་བྷོ་ཌེ་ཡ། ཝེ་ཏི་ནམ། རྒྱ་གར། ཕ་ཀི་སི་དན། བྷང་ག་ལ་རྒྱལ་ཁབ་སོགས་སུ་བཞུར་གྱིན་ཡོད་ལ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་༤༠་ཡི་འཚོ་རྟེན་ཡིན་པར་བཤད།

དེ་བརྟེན་ཆུ་བོ་དེ་དག་སྲུང་སྐྱོབ་བྱེད་པ་ནི་བོད་རིགས་གཅིག་པོའི་འོས་འགན་ཙམ་མ་ཡིན་པར་འཛམ་གླིང་འདིར་འཚོ་གནས་བྱེད་པའི་སྐྱེ་བོ་ཀུན་གྱི་ལས་འགན་ཡིན།
དེར་བརྟེན་ང་ཚོས་ཁོ་ལོ་ར་ཌོ་གཙང་པོར་བལྟས་ནས་མདོ་དབུས་མཐོ་སྒང་ནས་བྱུང་བའི་ཆུ་བོ་དེ་དག་སྲུང་སྐྱོབ་ཇི་ལྟར་བྱེད་པ་ནི་འཛམ་གླིང་གི་འགྲོ་བ་མིའི་རིགས་ཀྱི་དཀའ་ཁག་ཆེན་པོ་ཞིག་ལ་དངོས་འཛིན་བྱེད་ཀྱིན་ཡོད།

སའི་གོ་ལའི་ཟུངས་ཁྲག ཐབས་ལམ།

བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པ་ནི་ཁོར་ཡུག་དང་སྐྱེ་ཁམས་སློབ་གསོའི་ཚོགས་པ་ཞིག་ཡིན་ཤིང་། ༼ ལོ་བརྒྱའི་ཇུ་ཆེན་སློབ་གསོར་རག་ལས་༽ཞེས་པ་བཞིན་མི་རིགས་ཞིག་དང་སྤྱི་ཚོགས་ཞིག ཡང་ན་སའི་གོ་ལ་འདི་ལ་སྲུང་སྐྱོབ་བྱེད་དགོས་ན་ཐོག་མའི་ཆ་རྐྱེན་སྔོན་འགྲོ་ནི་སློབ་གསོ་ཡིན་པ་ང་ཚོ་ཡིད་ཆེས་ཡོད། མི་ལོ་ཉི་ཤུའི་གོང་ནས་བོད་ཡུལ་དུ་བརྙན་འཕྲིན་དར་བ་ནས་བཟུང་མི་རབས་ཞིག་གི་བསམ་བློ་དང་ཀུན་སྤྱོད་ལ་རིམ་བཞིན་འགྱུར་བ་ཐེབས་ཡོད། བྱིས་པ་དག་གིས་ཧོ་ལི་ཝུ་ཌི་
༼Hollywood༽དང་ཞང་གང་གི་གློག་བརྙན་སོགས་ལ་བལྟས་ནས་ནུབ་ཕྱོགས་པའི་གྱོན་ཆས་གྱོན་སྟངས་དང་། ཟ་མ་ཟ་སྟངས་སོགས་སླབས་ཡོད་པར་མ་ཟད། ཐ་ན་འབུ་སྲིན་ཟ་བ་དང་དྲག་སྤྱོད་གྱི་ལས་ལ་དགའ་བོ་ཡོད།

དཔེར་ན། བྱིས་པ་མེ་མདའ་ལ་དགའ་བ་དང་དྲག་རྩལ་ལ་དགའ་བ། དར་མ་ནུབ་ཕྱོགས་པའི་གྱོན་ཆས་ལ་དགའ་སོགས་བརྙན་འཕྲིན་གྱི་ལམ་ནས་མི་རིགས་ཞིག་གི་བསམ་བློ་དང་ཀུན་སྤྱོད་ལ་འགྱུར་བ་གཏོང་ཐུབ་ན་བརྙན་འཕྲིན་འདིས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་སློབ་ཐུབ་པ་ཐེ་ཚོམ་མེད།

དེར་བརྟེན་ང་ཚོས་གློག་བརྙན་གྱི་ལམ་འདི་རྒྱུད་ནས་༼སའི་གོ་ལའི་ཟུངས་ཁྲག་ ཁོ་ལོ་ར་ཌོ་གཙང་པོ།༽ཞེས་པའི་གློག་བརྙན་འདི་བཟོས་ནས་མི་དམངས་ལ་ཁོར་ཡུག་སློབ་གསོ་སྤེལ་ཐུབ་པའི་རེ་བ་ཡོད། དེང་སྐབས་བོད་ཡུལ་ས་ཁུལ་མང་ཆེ་བར་གློག་བརྙན་དར་ཁྱབ་ཆེ་བར་བརྟེན་ཁོར་ཡུག་སྲུང་སྐྱོབ་ཀྱི་ནང་དོན་ལྡན་པའི་གློག་བརྙན་བཟོས་ནས་མང་ཚོགས་ལ་ཁོར་ཡུག་གི་ཤེས་བྱ་ཁྱབ་བསྒྲགས་བྱེད་པ་ནི་གོ་སྐབས་ཞིག་ལ་དངོས་འཛིན་བྱེད་ཀྱིན་ཡོད། མདོ་དབུས་མཐོ་སྒང་གི་ཆུ་བོ་དེ་དག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་འཚོལ་དགོས་ན་ཐོག་མའི་ཆ་རྐྱེན་ནི་སློབ་གསོ་ཡིན་ལ་དེའི་རྒྱུ་ཆ་འཁོ་སྒྲུབ་བྱེད་པ་ནི་སློབ་གསོའི་ཐབས་ལམ་ཡིན་པར་འདོད་དོ།


བརྙན་ལེན་དང་སྒྲིག་སྦྱོར་བཟོ་སྐྲུན་པ།
ཚུལ་ཁྲིམས་རྒྱ་མཚོ།

བཟོ་སྐྲུན་ལས་རོགས་པ།
Laura Kreski

སློབ་སྟོན་པ།
Gene R. Reetz PhD

བོད་ཡིག་ལོ་ཙཱ་བ།
དོན་གྲུབ་རྒྱལ།

བོད་ཡིག་ཞུ་དག་པ།
ཁྱི་གོ

མེག་ཟེ་ཁོའི་དཔར་ལེན་འཁན།
Mark Lellouch,
སོ་ནོ་རཱན་མཐུན་ཚོགས།

རོལ་དབྱངས།
D.L. ‘Raven’ Valdes
Adrian Wall

རོལ་མོ་རམ་འདེགས་པ།
Nikki Bailey
Kevin A. Browlee
James A Kinney
D.L. ‘Raven’ Valdes
Adrian Wall

གཏམ་བཤད་པ།

Daniel Beley
ཁོ་ལོ་ར་ཌོ་མངའ་སྡེའི་ཁོར་ཡུག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུའི་སྤུས་ཚད་
དོ་དམ་དང་ཁོར་ཡུག་རྩིས་གཞི་ཚན་པའི་འགན་འཛིན།

Grant Buma
ཨ་རེ་ཟོ་ན་མངའ་སྡེའི་ཁོ་ལོ་ར་ཌོ་གཙང་པོའི་ཡུལ་མི་ཚོ་ཁག་གི་ཆུ་ལས་ཇུས་འགོད་པ།

Rita L. Crumpton
ཁོ་ལོ་ར་ཌོ་མངའ་སྡེ་གྷི་རན་ཌི་ཇུན་ཤོན་མའེ་ཟ་ཞིང་ཆུ་ལས་ཁུངས་ཀྱི་དོ་དམ་པ།།

William I. DuBois
ཁ་ལེ་ཧྥོ་ཉེ་ཡ་ཨེམ་ཕེར་ལུང་པའི་ཞིང་པ་རྒན་པ།

Jacob Fillion
ཨ་རིའི་གྲོག་རོང་ཆེན་མོའི་སྤྱི་གླིང་གི་ཁོར་ཡུག་སློབ་གསོའི་འགན་འཛིན་པ།

Larry A. Gilbert
ཁ་ལེ་ཧྥོ་ཉེ་ཡ་ཨེམ་ཕེར་ལུང་པའི་ཞིང་པ།

Wendy Hanophy
ཁོ་ལོ་ར་ཌོའི་མངའ་སྡེའི་རི་དྭགས་ལས་ཁུངས་ཀྱི་སློབ་གསོའི་ཆེད་ལས་མཁས་པ།

Gregory J. Hobbs, Jr.
ཁོ་ལོ་ར་ཌོའི་མངའ་སྡེའི་ཁྲིམས་དཔོན་ཆེན་མོ།

John C. Hranac
ཁོ་ལོ་ར་ཌོ་མངའ་སྡེའི་ཁོར་ཡུག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཆུའི་སྤུས་ཚད་
སྡེ་ཁག་གི་ས་ངོས་ཆུ་ལས་མཁས་པ།

James Lamont
ཁོ་ལོ་ར་ཌོ་ཝེལ་ས་ཁུལ་གྱི་ཝེལ་ཁང་བདག་མཐུན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ།

Carol T. Linnig
ཁོ་ལོ་ར་ཌོ་གཙང་པོ་ས་ཁུལ་རྡོ་བྲག་སྤྱི་གླིང་གི་སྤྱི་གླིང་ལྟ་སྲུང་བ།

Daniel F. Luecke Ph.D.
ཆུའི་འབྱུང་ཁུངས་དང་ཁོར་ཡུག་གི་བློ་འདོན་པ། འབུམ་རམས་པ།

Jennifer Pitt
ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་ཐོན་ཁུངས་དབྱེ་ཞིབ་པ་རྒན་པ།

Jim Pokrandt
ཁོ་ལོ་ར་ཌོའི་མངའ་སྡེའི་གྷི་ལན་གྲོང་གི་ཁོ་ལོ་ར་ཌོ་གཙང་པོའི་ས་ཁུལ་ལས་ཁུངས་ཀྱི་
འབྲེལ་ཐུད་དང་སློབ་གསོའི་ལས་བྱེད་མི་སྣ།

Kenneth G. Poocha
ཨ་རེ་ཟོ་ན་མངའ་སྡེའི་ཡུལ་མིའི་ལས་དོན་ལྷན་ཁང་གི་རྒྱུན་ལས་ལས་ཐོག་འགན་འཛིན།

Gene R. Reetz Ph.D
ཨ་མེ་རི་ཀའི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ཀྱི་ཆུ་དོན་ཆེད་མཁས་པ་ཟུར་པ།
འབུམ་རམས་པ།

Bradley H. Udall
ཨ་རིའི་ནོ་ཨཱ་༼NOAA,རྒྱལ་ཁབ་ཀྱི་རྒྱ་མཚོ་དང་རླུང་ཁམས་ཆེན་མོའི་དོ་དམ་ཁང་༽
གི་ནུབ་ཕྱོགས་ཀྱི་ཆུའི་ལས་དོན་ཞིབ་འཇུག་ཁང་དང་ཁོ་ལོ་ར་ཌོའི་སློབ་ཆེན་གྱི་
ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་གི་འགན་འཛིན།

Mark Uppendahl
ཁོ་ལོ་ར་ཌོའི་མངའ་སྡེའི་རི་དྭགས་ལས་ཁུངས་ཀྱི་རྒྱུག་ཆུའི་རྣམ་གྲངས་མཐུན་སྤྱོར་བ།

 

ཨ་རེ་ཟོ་ན་མངའ་སྡེའི་གདོད་མིའི་༼ཨེན་ཌི་ཨན༽ལས་དོན་ལྷན་ཁང་།
ཁ་ལེ་ཧྥོ་ཉེ་ཡའི་མཉམ་འབྲེལ་ཞིང་ལས་ལས་ཁུངས།
ཁོ་ལོ་ར་ཌོའི་མངའ་སྡེའི་རི་དྭགས་ལས་ཁུངས།
ཁོ་ལོ་ར་ཌོ་ཆུའི་སློབ་གསོའི་ཐེབས་རྩ་ཚོགས་པ།
གྷི་ལན་གྲོང་ཁྱེར་གྱི་ཁོ་ལོ་ར་ཌོ་གཙང་པོའི་ས་ཁུལ་གྱི་ལས་ཁུངས།
ཁོ་ལོ་ར་ཌོ་གཙང་པོ་ཡུལ་མི་༼ཨེན་ཌི་ཨན༽ཚོ་ཁག
ཨ་རིའི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་ས་ཁུལ་ཨང་༨་པ།
ཁོ་ལོ་ར་ཌོ་མངའ་སྡེ་གྷི་རན་ཌི་ཇུན་ཤོན་མའེ་ཟ་ཞིང་ཆུ་ལས་ཁུངས།
འཇའ་མི་ཚོང་ཁང་།
སོ་ནོ་རཱན་མཐུན་ཚོགས།
རྡོ་བྲག་སྤྱི་གླིང་།
ཝེལ་ཁང་བདག་མཐུན་ཚོགས་།

ད་དུང་མི་སྒེར་པ་འདི་དག་ལ་ཐུགས་རྗེ་ཆེ་ཞུ།

Steve Birdsall
Jeremy Kendall
George Sanchez
Karen Sedillo

མ་དངུལ་རྒྱབ་སྐྱོར་བྱེད་མཁན་འདི་དག་ལ་ཐུགས་རྗེ་ཆེ་ཞུ།
བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པ།
བོད་རྒྱལ་སྤྱིའི་གྲོས་འཐུན་ཚོགས་པ།