web analytics

ཐུབ་བསྟན་དབང་འདུས།

ཐུབ་བསྟན་དབང་འདུས་ཀྱི་སྨྱུག་མིང་ལ་འདྲེ་སེམས་བཟང་ཟེར།  སྐྱེ་ཡུལ་བར་ཁམས་སོག་ཁྲི་རྡོ་ཡིན། སྤྱི་ལོ་༢༠༠༦བཙན་བྱོལ་ཏུ་འབྱོར་ཏེ་ལོ་བདུན་ཙམ་གྱི་རིང་། སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་སློབ་སྦྱོང་གི་བྱས། དེའི་རྗེས་སུ་སྤྱི་ལོ་༢༠༡༣ ནས་༢༠༡༦བར་ལོ་གསུམ་གྱི་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། གནའ་དེང་བོད་ཀྱི་རིགས་གནས་སྤྱི་དང་ལྷག་པར་དུ་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱས་ཤིང་། མཐོ་རིམ་ལེགས་བྱང་རབ་འབྱམས་པ་མཐར་ཕྱིན། ད་ལྟའི་ཆ་ལའང་ས་རཱ་མཐོ་སློབ་ཏུ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་འཛིན་གྲྭ་རུ་ནང་པའི་ཚན་རིག་དང་ལྟ་གྲུབ་སོགས་ལ་སློབ་སྦྱོང་བྱེད་མུས་ཡིན།
 
མ་འོངས་པའི་ཁོང་གི་དམིགས་ཡུལ་གཙོ་བོ་ནི། ༧གོང་ས་མཆོག་གིས་ཚན་རིག་དང་འབྲེལ་བ་བྱེད་དགོས་པའི་གསུང་བའི་དམིགས་ཡུལ་གཉིས་ཡོད་པ་ལས། དང་པོ། “ནང་པའི་གཞུང་ནས་བཤད་པའི་རྟེན་འབྲེལ་གྱི་ལྟ་གྲུབ་དང་། ཁྱད་པར་དུ་སེམས་ཁམས་རིག་པ་ལ་བརྟེན་པའི་རྙེད་དོན་རྣམས་ཀྱིས་དེང་རབས་ཚན་རིག་གི་ཞིབ་འཇུག་གི་ཁྱབ་ཁོངས་རྒྱ་སྐྱེད།” ཟེར་བ་འདི་དང་། གཞན་ཡང་ང་ཚོ་བོད་མི་རིགས་ཐུན་མོང་ལ་དབང་བའི་བོད་ཀྱི་རྩ་ཆེན་ཁོར་ཡུག་སོགས་ཀྱི་ཐོག་ཏུ་གང་ཐུབ་ཅི་ནུས་ཀྱིས་སྲི་ཞུ་རེ་བསྒྲུབ་འདོད་ཀྱི་འདུན་པ་དང་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ཡིན། །