web analytics

དེ་རིང་༢༠༡༧/༩/༢༥མདོ་སྨད་ཁུལ་དུ་སེར་བ་ཤུགས་ཆེན་བབས་ནས་ཁང་བ་དང་རླངས་འཁོར་སོགས་ཀྱི་ཤེལ་སྒོ་གཅག་འདུག བརྙན་ཐུང་འདི་ནི་རྨ་ཆུ་རྫོང་གི་སྲང་ལམ་རེད། སྲང་ལམ་འདི་ནས་ང་ཚོས་རླངས་འཁོར་ཁ་ཤས་ཀྱི་ཤེལ་སྒོ་གཅག་ཡོད་པ་མཐོང་བ་མ་གཏོགས་གནས་ཚུལ་གཞན་ཤེས་མི་ཐུབ། སྤྱིར་ན་སེར་བ་ནི་སྤྲིན་གྱི་ནང་དུ་ཡོད་པའི་ཆུ་རྡུལ་ཕྲ་མོ་གྲང་རླུང་དང་འཕྲད་ནས་རྡུལ་ཕྲན་རྣམས་གཅིག་ཏུ་འདྲེས་ཏེ། གངས་རྡོག་གི་ཕུང་བོ་གྲུབ་རྗེས་ཇེ་རྗིར་སོང་ནས་མར་ས་ལ་འབབ་པ་ཡིན། གངས་རྡོག་གི་ཆེ་ཆུང་སྣ་ཚོགས་ཡོད་ཅིང་སྐབས་འགར་བྱ་སྒོང་ལས་ཆེ་བའི་གངས་སེར་འབབ་པ་ཡིན། དེ་དུས་མི་ཟོག་གི་སྲོག་ཀྱང་ཤོར་སྲིད།