web analytics

འཕྲིན་ལས་འོད་ཟེར།

འཕྲིན་ལས་འོད་ཟེར་ནི་སྤྱི་ལོ་༡༩༨༥་ལོར་བོད་དུ་སྐྱེས་ཤིང་། ལོ་ན་བཅུ་དྲུག་ཐོག་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཆོས་ཞུགས་ཞུས་ཏེ། བོད་ཀྱི་ནང་དོན་རིག་གནས་ཀྱིས་གཙོས་རིག་ཚན་ཆེ་ཆུང་ཁག་ལ་སློབ་གཉེར་བྱས། ཉིས་སྟོང་དྲུག་ལོར་རྒྱ་གར་ཏུ་འབྱོར་ཞིང་། ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་དགོན་དུ་སློབ་ཞུགས་ཞུས། ཉིས་སྟོང་བཅུ་ལོར་ནོར་གླིང་མཐོ་སློབ་ཏུ་ཞུགས་ཏེ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་(B.A) ཐོབ། ད་ལྟ་བྷ་ན་ར་སི་ཧིན་དྷུ་གཙུག་ལག་སློབ་གྲྭ་( Banaras Hindu University) ཆེན་མོ་རུ་རྒྱལ་སྤྱིའི་སྐད་བརྡ་རིག་པའི་གཙུག་ལག་རབ་འབྱམས་པའི་( M.A) སློབ་སྦྱོང་བྱེད་མུས་ཡིན། དུས་ནས་དུས་སུ་རྩོམ་ཡིག་རེ་འབྲི་རྒྱུ་དང་ཡིག་སྒྱུར་གྱི་བྱ་བ་སྒྲུབ་རྒྱུ་ནི་གུས་པའི་ཁོང་གི་དགའ་ཕྱོགས་ཡིན།