web analytics

སྐྱེ་དངོས།

རྩི་ཤིང་ཆགས་ཚུལ།

རྩི་ཤིང་གི་རྩ་བ་ནི་རྩི་ཤིང་གི་འཚོ་བཅུད་དབང་བོའི་ཆ་ཤས་གཙོ་བོ་གཅིག་ཡིན། ཤིང་རྒྱུ་མང་ཙམ་ཡོད་པ་དེ་ལ་ཤིང་རྒྱུའི་རྩ་བ་ཟེར་ཤིང་། རློན་ཚད་མང་བ་མ་ཟད་མཉེན་ཆ་ཡོད། རྩ་བས་ཆུ་དང་བཅུད་རྫས་འཐེན་ཐུབ་པ་དང་། རྩི་ཤིང་གི་དངོས་གཟུགས་བརྟན་པོར་སྡོད་ཐུབ་པ་བཅས་ཀྱི་ནུས་པ་ཡོད། རྒྱུན་དུ་མཐོང་བའི་རྩི་ཤིང་གི་རྩ་བའི་རིགས་ལ། སྙུང་གུ་དང་། ཀ་རིལ། འཐག་གྲུམ། རྡོག་རྡོག ཨ་ར་འདྲ་བའི་རྩ་བ་ལྔ་ཡོད།


  1. སྙུང་གུ་རིལ་མོ་འདྲ་བའི་རྩ་བ།
  2. ཀ་རིལ་འདྲ་བའི་རྩ་བ།
  3. འཐག་གྲུམ་འདྲ་བའི་རྩ་བ།
  4. རྩ་བ་རྡོག་རྡོག
  5. ཨ་ར་འདྲ་བའི་རྩ་བ།
བོད་ལྗོངས་རྒྱུད་སྤྱོད་སྨན་རིགས་དེབ་ལས་བཤུས།

རྒྱུན་མཐོང་རྩ་བ་ལྔ།

རྒྱུན་མཐོང་སྡོང་བོའི་རིགས་བཅུ།

སྡོང་བོ་ནི་རྩི་ཤིང་རྩ་བ་དང་། ཡལ་ག ལོ་མ་བཅས་འབྲེལ་མཐུད་བྱེད་པའི་སྡོང་བོ་ཨ་མ་དེ་ཡིན། སྡོང་བོའི་སྟེང་ལ་ཡལ་ག་དང་ལོར་འབྲེལ་མཐུད་བྱེད་པར་མ་ཟད། འོག་ལ་རྩ་བ་འབྲེལ་ཡོད་ལ། རང་གཟུགས་ལངས་ཐུབ་པའི་ནུས་པ་ཡང་ཡོད། སྡོང་བོ་ལ་ཡང་ས་སྟེང་དང་ས་འོག་གི་སྡོང་བོ་རིགས་གཉིས་ཡོད། སྡོང་བོས་རྩ་བ་ནས་འཐེན་པའི་ཆུ་དང་འཚོ་བཅུད་དངོས་རྫས་རྣམས་རྩི་ཤིང་གི་ཡལ་ག་དང་ལོ་མར་སྐྱེལ་འདྲེན་བྱེད་པ་དང་། སྐབས་རེད་བཅུད་རྫས་གསོག་ཉར་བྱེད་པ་ཡིན། སྡོང་བོ་སྐྱེ་ལོངས་གི་གོམས་གཤེས་ལ་བརྟེན་ནས་གཤལ་གསལ་རིགས་འདི་དག་ལ་དབྱེ་ཆོག

བོད་ལྗོངས་རྒྱུན་སྤྱོད་སྨན་རིགས་དེབ་ལས་བཤུས།

ས་སྟེང་གི་སྡོང་བོ།

ས་འོག་གི་སྡོང་བོའི་རིགས།

ལོ་མ་ནི་རྩ་ཤིང་གི་བཅུད་རྫས་བཟོ་ས་དང་། ཆུ་རླངས་ཡལ་བྱེད་ཀྱི་དབང་བོ་ཞིག་ཡིན། ལོ་མ་ཀོ་བ་ནང་བཞིན་མཉེན་ཆ་ཡོད་པའི་ལོ་མ་ལ་ཀོ་རྒྱུའི་ལོ་མ་ཟེར་ཤིང་། ལོ་མ་སྲབ་ལ་མཉེན་པ་ཤོག་གུ་ལྟ་བུ་ལ་ཤོག་རྒྱུའི་ལོ་མ་ཟེར། ལོ་མ་ལྷེབ་ལྷེབ་རྒྱས་ལ་མཐུག་པ་དང་ཁུ་བ་མང་བའི་རིགས་ལ་ཤ་རྒྱུའི་ལོ་མ་ཟེད། ལོ་མ་ལ་སྤྱིར་བཏང་ལོ་མའི་རྐང་དང་། ཞབས་སྟེགས་ལོ་མ། ལོ་ལྷེབ་བཅས་ཁག་གསུམ་ཚུད་ཡོད།

རྐང་།

ལོ་མའི་རྐང་ནི་ལོ་མ་དང་སྡོང་བོ་གཉིས་འབྲེལ་མཐུད་བྱེད་པའི་ཆ་ཤས་ཤིག་སྟེ། དབྱིབས་ཀ་རིལ་ཕྱེད་གཤགས་བྱས་ཡོད་པ་དང་འདྲ།

ཞབས་སྟེགས།

ལོ་མའི་རྐང་གི་སྡོང་བོ་གཉིས་ཀྱི་ཕྱི་ལ་ལོ་མ་འདྲ་བ་ཞིག་སྐྱེས་ཡོད། དེ་མཐའ་མཇུགས་རང་བཞིན་ཀྱི་གོག་འགྲོ་བ་ཡིན། དེ་ལ་ཞབས་སྟེགས་ལོ་མ་ཟེར་ཤིང་། ཞབས་སྟེགས་ལོ་མ་ཁ་ཤས་ལོ་མ་དང་མཉམ་དུ་སྐྱེས་ནས་གྲི་ཤུབ་འདྲ་བ་ཞིག་ཆགས་འགྲོ།

ལོ་ལྷེབ།

ལོ་ལྷེབ་ནི་ལོ་རྐང་གི་སྟེང་དུ་སྐྱེས་ཡོད་པའི་སྲབ་ལ་མཉེན་པའི་དངོས་པོ་ལྗང་ཁུ་དེ་ལ་ཟེར་ཤིང་། ལོ་ལྷེབ་ལ་དབྱིབས་དང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད།

རྐྱང་ལོ་དང་མང་ལོ།

རྐྱང་ལོ་ནི་ལོ་རྐང་གཅིག་གི་སྒང་ལ་ལོ་ལྷེབ་གཅིག་ལས་མེད་པ་དེ་ལ་རྐྱང་ལོ་ཟེར་ཞིང་། ལོ་རྐང་གཅིག་གི་སྟེང་དུ་ལོ་ལྷེབ་གཉིས་དང་ཡན་ཆད་སྐྱེས་ཡོད་པ་དེ་ལ་མང་ལོ་ཟེར་བ་ཡིན། མང་ལོའི་རྐང་ལ་སྤྱིའི་ལོ་རྐང་དང་ཡང་ན་ལོ་མའི་འཁོར་རྟེན་ཟེར།

ལོ་མའི་རྩ་རིས།

ལོ་སྟེང་དུ་ཁྲག་རྩ་ལྟར་མངོན་གསལ་དོད་པོའི་མཐོང་ཐུབ་པ་དེ་ཚོ་ལ་ལོ་མའི་རྩ་རིས་ཟེར། དེའི་ནང་ནས་ལོ་མའི་རྐང་ནས་རྩེ་བར་དུ་རྒྱུ་བའི་རྩ་རིས་དེ་ལ་གཅོ་བོའི་རྩ་རིས་དང་ཡང་ན་དཀྱིལ་གྱི་རྩ་རིས་ཟེར། གཙོ་བོའི་རྩ་རིས་ཀྱི་ཡན་ལག་གི་ཟུར་དུ་སྐྱེས་པ་ལ་ཟུར་གྱི་རྩ་རིས་ཟེར། ཟུར་གྱི་རྩ་རིས་ཀྱི་ཡན་ལག་དེ་དག་ལ་ཕྲ་བའི་རྩ་རིས་ཟེར། ལོ་མའི་རྩ་རིས་དེ་སྤྱིར་བཏང་ཆགས་སྟངས་མི་འདྲ་བའི་རྐྱེན་གྱིས་བཟོ་དབྱིབས་རིགས་མི་འདྲ་བ་མང་།

ལོ་མའི་རྩེ་མཐའ་སྨད་གསུམ་གྱི་ཁྱད་ཆོས།

 

མེ་ཏོག་གི་ཆ་ཤས་ཀྱི་མིང་

 

འབྲས་བུ་དང་འབྲུ་གུའའི་ཁྱད་ཆོས།

 

རྩི་ཤིང་གི་ལོ་མ་བཤད་པ།

ལོ་མ་ནི་རྩ་ཤིང་གི་བཅུད་རྫས་བཟོ་ས་དང་སྲོག་ཆགས་ལ་དགོས་པའི་མཁའ་དབུགས་གཙང་སེལ་བྱེད་ས་ཞིག་དང་། རྩི་ཤིང་གི་དབང་བོ་གལ་ཆེན་ཞིག་ཡིན།  ལོ་མའི་རིགས་ལ་ཀོ་བ་ཇི་བཞིན་མཉེན་ཆ་ཡོད་པའི་ལོ་མ་ལ་ཀོ་རྒྱུའི་ལོ་མ་ཟེར་ཤིང་། ལོ་མ་སྲབ་ལ་མཉེན་པ་ཤོག་གུ་ལྟ་བུ་ལ་ཤོག་རྒྱུའི་ལོ་མ་ཟེར།...

ཤིང་མངར།

ཤིང་མངར་ནི། ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་ཡིན། རྩ་བ་སེར་སྐྱ་ཤིང་ལྟར་གྱོང་བ་ནང་དུ་རྩ་རིས་ཡོད་པར་རྩྭ་ཕྲན་གྱེས་ཤིང་སྐྱེ་གནས་དབང་གིས་སྦོམ་ཕྲ་དང་སྲ་སྙིང་སྣ་ཚོགས་ཡོད། སྡོང་པོ་ཕྲ་ལ་གྱོང་བ་མདོག་ལྗང་སེར་ལ་ཡལ་ག་འདྲོང་པོར་གྱེས་པ།...