web analytics

སྐྱེས་དངོས་དང་སྲོག་ཆགས་ས་ཡ་གཅིག་རྩ་སྟོང་འགྲོ་ཉེན་ཡོད།

Moe Flannery of the California Academy of Sciences inspected a dead gray whale in Tiburon, Calif., last month, one of seven whales that have washed up on the shores of the San Francisco Bay and along the coast in recent weeks. (Justin Sullivan/Getty Images)

འགྲོ་བ་མིའི་བྱ་སྤྱོད་ཀྱི་རྐྱེན་གྱིས་ད་བར་བྱུང་མྱོང་མེད་པའི་འཛམ་གླིང་གི་སྣོད་བཅུད་གཉིས་ཀར་གནོད་སྐྱོན་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་སྙན་ཐོ་ལྟར་ན། ཕྱི་ཡི་སྣོད་རྩི་ཤིང་གི་རིགས་དང་། ནང་གི་བཅུད་སྲོག་ཆགས་ཀྱི་རིགས་ལ་འགྲོ་བ་མིའི་བྱ་སྤྱོད་ངན་པ་བརྩམས་སྟེ་གནོད་སྐྱོན་ཇི་ཙམ་བཏང་ཡོད་མེད་ཞིབ་འཇུག་བྱས་འདུག

དེར་མ་ཟད་བཟོ་གྲྭའི་ཐོན་རྫས་ནས་འཕྱུར་བའི་རླུང་ཙོག་པ་གནམ་མཁར་བཏང་བ་དང་། ས་སྟེང་ནས་ཤིང་ནག་ཅད་དེ་གྲོང་ཁྱེར་འཛུགས་སྐྲུན་རྒྱ་ཆེ་རུ་གཏོང་བ་ནས་ནས་ཞིང་ཁའི་ལོ་ཐོག་ལ་འབུ་སྨན་བཏབ་པའི་རྐྱེན་གྱིས་མེ་ཏོག་གཅིག་ནས་གཅིག་ལ་ཟེག་མའི་རྡུལ་འཁྱེར་མཁན་གྱི་འབུ་བསད་པ་དང་། རྒྱ་མཚོའི་ནས་ཟས་རིགས་ཉ་སོགས་འཛིན་རྒྱུ་མང་དྲག་པ་དང་། རྒྱ་མཚོ་ཙོག་པ་ཆགས་སྟེ་བྱུ་རུའི་སྡོང་པོ་སྐམ་ནས་སྲོག་ཆགས་དང་རྩི་ཤི་ས་ཡ་གཅིག་ཙམ་རྩ་སྟོང་འགྲོ་ཉེན་ཡོད་པ་རེད།

རྩ་སྟོང་འགྲོ་ཉེན་ཡོད་པའི་སྲོག་ཆགས་དང་རྩི་ཤིང་ཁག་གཅིག་མ་འོངས་པའི་ལོ་བཅུ་ཕྲག་ཁ་ཤས་རིང་ལ་མེད་པར་གྱུར་ཉེན་འདུག་ཟེར། གནད་དོན་འདི་ལ་ཞིབ་འཇུག་བྱེད་མཁན་གྱི་ཚོགས་པའི་ཚོགས་གཙོ་དང་དབྱིན་ཇིའི་རྫས་སྦྱོར་ཚན་རིག་པ་ Robert Watson གྱིས། ང་ཚོས་ང་ཚོའི་གདོད་མའི་ནག་ཚལ་དང་འདམ་རྭ་རྒྱ་ཆེན་པོ་རྩ་མེད་བཟོས་ཚར་བ་རེད། འཛམ་གླིང་གི་རྩི་ཤིང་དང་སྲོག་ཆགས་འཚོ་གནས་ཀྱི་གནད་དོན་དེ་གནམ་གཤིས་འགྱུར་ལྡོག་གི་གནད་དོན་བཞིན་གལ་ཆེན་པོར་རྩི་དགོས། འདི་ནི་ཁོར་ཡུག་དང་དཔལ་འབྱོར། ཡར་རྒྱས། བཟང་སྤྱོདཚུལ་མཐུན་ཀྱི་ཆ་ནས་གནད་དོན་འགངས་ཆེན་པོ་ཡིན་པ་བརྟེནསྔོན་འགོག་གི་བྱ་འགུལ་སྤེལ་རྒྱུའི་དུས་ཚོད་ད་ལྟ་རེད་ཅེས་བརྗོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་དེའི་ཆེད་དུ་ཞིབ་འཇུག་པ་ 450 ལྷག་གིས་འཁུར་བླངས་ཏེ། ཁོང་ཚོས་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་སྙན་ཐོ་དང་གཞུང་ཁག་གིས་ཞིབ་འཇུག་སྙན་ཐོ་ཁྲི་གཅིག་དང་ལྔ་སྟོང་ཙམ་གཞི་བཟུང་ཏེ་གཞུང་ཕན་ཚུན་འབྲེལ་བ་བྱེད་སའི་ཚན་རིག་གླེང་སྟེགས་ཞེས་པའི་ཚོགས་པ་རྒྱུད་མཉམ་ལས་བྱས་འདུག 1900 ལོ་ནས་སྐམ་སའི་སྲོག་ཆགས་དང་རྩི་ཤི་ཉུང་མཐར་ཡང་བརྒྱ་ཆ་ %20 ཉམས་ཡོད་པ་དང་། དུས་ཚོད་དེའི་རིང་རྒྱ་མཚོའི་སྲོག་ཆགས་དང་རྩི་ཤི་བརྒྱ་ཆ་ 40 ལྷག་ཉམས་ཆགས་ཕྱིན་ཡོད་པར་བཤད་ཡོད།

ཞིབ་འཇུག་ཚོགས་པའི་འགན་འཛིན་སྐུ་ཞབས་ Watson གྱིས་ང་ཚོས་དུས་རྒྱུན་ལྟར་བྱ་སྤྱོད་ལ་འགྱུར་བ་མེད་པར་འདི་ལྟར་བྱས་བསྡད་ན་ཆག་སྒོ་འཕྲད་རྒྱུ་རེད། གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་སེལ་དགོས་པ་རེད། སྲོག་ཆགས་དང་རྩི་ཤི་མི་ཉམས་རྒྱུད་འཛིན་བྱེད་རྒྱུར་སྲིད་ཇུས་ཡང་དག་པ་ཞིག་དགོསའཕྲུལ་རིག་ཡང་དག་པ་སྤྱོད་དགོས་པར་མ་ཟད། ང་ཚོའི་སྤྱོད་ལམ་ལ་འགྱུར་བ་བཏང་ན་མི་རབས་རྗེས་མའི་རྗེས་མ་རྣམས་ཀྱི་གནས་སྟངས་ཡག་ཏུ་གཏོང་ཐུབ་ཅེས་བརྗོད་འདུག

སྙན་ཐོ་དེའི་ནང་འགྲོ་བ་མི་འཚོ་གནས་བྱེད་པར་སྲོག་ཆགས་དང་རྩི་ཤིང་སྣ་ཚོགས་ལས་གྲུབ་པའི་རང་བྱུང་ཁོར་ཡུག་ལ་བརྟེན་དགོས་པ་གསལ་ཡོད་པ་དང་། སྲོག་ཆགས་དང་རྩི་ཤིང་དེ་དག་རྩ་སྟོང་མི་འགྲོ་བའི་ཕྱིར་སྲུང་སྐྱོབ་དང་སླར་གསོ་བྱེད་ཆེད་དུས་ཚོད་ཕྱི་དྲག་མེད་པ་ཡང་གསལ་ཡོད།

འབྲི་ཆུར་བཟོ་གྲྭས་སྦགས་བཙོག་བཞིན་པ།

དཀའ་ངལ་ཆེན་པོ་དེ་སེལ་རྒྱུའི་ཐབས་ལམ་ནི་རང་བྱུང་སྐྱེས་ཁམས་ཀྱི་སྲོག་ཆགས་དང་རྩི་ཤིང་རིགས་རྣམས་གལ་ཆེན་པོ་ཡིན་པའི་འདུ་ཤེས་འཛིན་རྒྱུ་ནས་འགོ་འཛུགས་དགོས་པ་དང་། འགྲོ་བ་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་དང་མཐུན་ཤིང་། ཡུན་གནས་ཐུབ་པའི་ཡར་རྒྱས་ཀྱི་ཕྱོགས་སུ་མི་ཚེ་སྐྱེལ་དགོས་ཀྱི་ཡོདསྙན་ཐོའི་ནང་དུ་གདོད་མའི་མི་རིགས་ཀྱི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་དཀའ་རྙོག་དེ་སེལ་རྒྱུར་ཕན་ཆེན་པོ་ཐོགས་ཐུབ་ཀྱི་ཡོད་པ་ངོས་འཛིན་བྱས་ཡོད། ད་དུང་ཨ་མེ་རི་ཁ་གཙོས་པའི་རྒྱལ་ཁབ་ 150 ལྷག་གིས་སྙན་ཐོའི་ཕྱོགས་བསྡོམས་ལས་གསལ་བ་ལྟར་མིའི་བྱ་སྤྱོད་ལ་འགྱུར་བ་གཏོང་རྒྱུར་མོས་མཐུན་དང་མཉམ་ལས་བྱེད་དགོས་ཀྱིན་ཡོད་པ་ཡང་ངེད་གཏན་བྱས་འདུག