རི་དྭགས་ཀྱི་ཞིང་ཁམས།


ན་གི།


ན་གི་ནི་འབུ་རིགས་ཟ་ཞིང་འོ་མ་འཐུང་བའི་གོག་འགྲའི་སྲོག་ཆགས་རིགས་ཤིག་ཡིན་པ་རེད། ད་ལྟ་གནས་པའི་རིགས་རྒྱུད་ཆེན་མོ་གཅིག་དང་ནང་གསེས་རིགས་བརྒྱད་ཙམ་མཆིས་པ་དང་། དེ་རུ་མི་གཏོགས་པའི་རིགས་འགའ་ཞིག་ཡོད། ན་གི་ལ་སེན་མོའམ་རྭ་ཅོ་ལྟ་བའི་སྐྱི་ལྤགས་མཐུག་པོས་ཤ་རུས་ཡོངས་སུ་ཁེབས་པ་རེད། ཧྥེ་གླིང་དང་ཡ་གླིང་གི་ཚ་ཁུལ་ཆེ་སར་ཁྱབ་ཡོད།
ན་གིས་དྲི་མར་བསྟེན་ནས་གཟན་འཚོལ་བཞིན་ཡོད་པ་དང་། རྔ་མ་རིང་བའི་ན་གིས་ཉིན་མོར་གཟན་འཚོལ་བ་དང་མང་ཤོས་ཏེ་ཉིན་མོར་གུམ་ནས་གཉིད་ཀྱིན་ཡོད།
ན་གི་དང་གཞན་པ་སྲོག་ཆགས་མཉམ་དུ་དབྱེ་བ་གཅིག་ཏུ་བཀར་བ་སྟེ། དེ་རུ་འབུ་གཟན་གྱི་རིགས་དང་གཅན་གཟན་གྱི་རིགས་ཀྱང་འདུས་པ་རེད། གདོད་སྐྱེས་སྲོག་ཆགས་རིག་པ་བ་ཚོས་ན་གི་དེ་སོ་ཡི་ཆ་ནས་རིགས་བགར་བཞིན་ཡོད།

གཟུགས་རིས་ཀྱི་ཁྱད་ཆོས།
ན་གི་ནི་གཟུགས་པོ་ཅུང་ཆེ་ཞིང་སྲ་མཁྲེགས་ཡིན་པ་དང་། ལུས་པོར་མིའི་སེན་མོ་ལྟ་བུ་ཞིག་གིས་ཡོངས་སུ་ཁེབས་པ་དང་སྡེར་མོ་ཡང་ཡོད། དེ་རྒྱུན་དུ་གསོམ་སྡོང་དུ་འགྲོ་བར་དགའ་ཞིང་སྐྲག་དུས་སུ་ལུས་པོ་གུམ་དེ་དཀྱིས་པ་རེད། ལུས་རྒྱབ་ཀྱི་སེན་མོ་ལྟ་བའི་ལུས་ཤུན་དེ་ཧ་ཅང་རྣོ་ཞིང་དེའི་རང་ཉིད་སྲུང་སྐྱོབ་བྱ་ཐུབ་པ་དང་། མདུན་གྱི་སེན་ཤུན་ལྟ་བུ་དེ་རིང་ཞིང་འགྲོ་བར་སྟབས་མི་བདེ་བ་དང་སྔོན་གྱི་སྡེར་མོས་རྒྱུན་དུ་ཉེན་འགོག་དུ་གྲ་སྒྲིག་ངང་གུམ་ནས་འདུག་པ་རེད། ད་དུང་དེ་ལ་གཏུག་དྲི་ངན་པ་ཞིག་ཡོད་ལ། ན་གིའི་རྐང་ལག་ཐུང་ཞིང་སྡེར་མོ་རྣོ་ལ་དེས་ཁུང་བུ་སོགས་བརྐོ་བ་དང་རི་འགོར་མཛེགས་པར་ཕན་ཐོགས་པ་ཡིན།
དེའི་གཟུགས་ལ་རིགས་འགར་བགོས་ཡོད་མོད་རིང་ཚད་ལི་སྨི་༣༠ནས་༡༠༠བར་དབྱེ་བ་དང། ན་གིའི་མོ་རིགས་མང་ཤོས་ཏེ་ཕོ་ལས་གཟུགས་སྟོབས་ཆུང་བ་རེད།
ན་གིའི་སོ་རིང་ཞིང་བྲང་ཁོག་ཏུ་ཟུག་པ་དང་། ན་གི་འབུ་གཟན་རིགས་ཆེ་བར་ལྕེ་ཡོད་ཅིང་ལྕེ་རྐན་དེ་རུས་པ་དང་འབྱར་མེད་པ་མ་ཟད་མིད་པ་བརྒྱུད་པ་རེད། ན་གི་ཆེ་བ་ཞིག་གི་ལྕེ་ལ་ལི་སྨི༤༠ཙམ་ཡོད།
ན་གིའི་རིགས་པ་རྟུལ་ཞིང་དེས་ས་གནས་དང་གཟན་འཚོལ་རྒྱུ་ལས་མི་ཤེས་མོད་གཟན་རྙེད་ཡོད་ཚེ་དེ་འགྲོ་བར་ཧ་ཅང་མཁས་པ་རེད།
ན་གི་དེ་རྒྱུན་དུ་སྡོང་སྐམ་གྱི་ཁོག་དང་། ས་དོང་དང་ཁུང་བུ་སོགས་གཏིང་ཚད་སྨི༣ནས་༤ཅན་དུ་འདུག་པ་དང་། དེ་ཆུ་རྐྱལ་ལ་ཡང་ཅུང་མཁས་པོ་ཡོད།

གཟན།
ན་གི་ལ་སོ་མེད་པས་འཆའ་མི་ཐུབ་པ་དང་རྒྱུན་དུ་མདུན་གྱི་སྡེར་མོས་གཟན་ཆས་ཆུང་ཆུང་བྱ་བ་དང་དེ་ནས་ལྕེ་ཡིས་ཁ་ནང་དུ་འདྲེན་པ་རེད། སྡོང་མགོའི་ན་གིས་རྔ་མ་སྡོང་མགོར་སྣུར་ནས་འབུ་རིགས་འཚོལ་བཞིན་ཡོད་པ་རེད།

སྐྱེ་འཕེལ།
ན་གིའི་མངལ་སྦྲུམ་ཚད་དེ་ཉིན་༡༢༠ནས༡༥༠ཡིན་ཞིང་ཨ་ཧྥེ་རི་ཁ་གླིང་གི་ན་གི་དེས་ཕྲུ་གུ་གཅིག་རེ་ཙམ་བཙས་བཞིན་ཡོད་མོད། འོན་ཀྱང་ཡ་གླིང་གི་དེས་བཙས་ཐེངས་རེར་ཕྲུ་གུ་༡ནས་༣དང་ལྗིད་ཚད་ལ་ཁེ་༨༠ནས་༤༥༠ཡོད་པ་རེད། ཕྲུ་གུས་རྒྱབ་ཤུན་དེ་སྙི་མོ་ཡིན་པ་པ་དང་། ཕྲུ་གུ་དེ་ཨ་མའི་རྔ་མ་བསྟེན་ནས་དོང་ནང་དུ་འགུལ་སྐྱོད་བྱ་བཞིན་ཡོད་ལ་གཟའ་འཁོར་༢ནས་༤བར་དོང་ནང་ནས་ཨ་མའི་གམ་དུ་འདུག་པ་རེད། ཟླ་བ་གསུམ་ཙམ་ལ་ནུ་མ་སྣུན་བཞིན་ཡོད་པ་དང་ན་གི་དེ་ལོ་གཉིས་ཀྱི་རྗེས་སུ་ཆགས་སྤྱོད་ལ་རོལ་ཆོག་པ་རེད།
འཇིགས་པ།
ཨ་ཧྥེ་རི་ཁའི་ས་ཆ་མང་བོར་ན་གི་གསོད་པ་དང་ཤ་དེ་ཚོང་རྭར་ཧ་ཅང་རྒྱུག་ཆེ་བ་ཞིག་རེད། དེ་མིན་ཀྲུང་གོར་ཤ་དེ་ཅུང་ཞིམ་པོར་འདོད་པ་དང་རྒྱ་ནག་མང་པོས་དེའི་ལུས་ཤུབས་ཀྱིས་ཕུང་བོ་སྐྱ་བར་ཕན་པར་ཆེ་སྙམས་བཞིན་ཡོད་པ་མ་ཟད། དེ་མིན་ཁྲག་འཐུང་ན་བུད་མེད་ཚོར་འོ་མ་མོད་པོ་ཡོད་པ་དང་བྱིས་པར་འོ་མ་སྣུན་པར་ཡང་བཟང་བ་ཡོད་ལ། འདི་དག་གིས་རྐྱེན་གྱིས་ན་གི་མང་བོའི་ཚེ་སྲོག་ཤོར་བཞིན་ཡོད་པ་རེད།
ཁྲིམས་འགལ་གྱི་བྱ་འགུལ་མང་པོས་ན་གིའི་ཁ་གྲངས་ཇེ་ཉུང་དུ་གྱུར་བ་དང་། སྤྱི་ལོ་༢༠༠༧ལོར་དབྱིན་ཇིའི་སྲུང་སྐྱོབ་ཅེས་པའི་སྙན་ཞུས་ཀྲུང་གོའི་མཐའ་མཚམས་ཀྱི་མཚོ་གྲུར་ན་གི་༣༡ཙམ་རྙེད་པ་དང་། གྲུ་གཟིངས་དེར་སྲུང་སྐྱོབ་བྱ་བའི་སྲོག་ཆགས་༥༠༠༠ཙམ་ཡོད་པ་རེད།
གོང་གི་སྙན་ཞུ་དེར་ན་གི་གསོད་པའི་བརྒྱུད་རིམ་ཞིག་ཀྱང་བཀོད་པ་དང་། ལྷག་པར་དུ་ཀྲུང་གོའི་ཚན་རིག་དང་ལག་རྩལ་ཞེས་པའི་ཚགས་པར་དུ་རྒྱ་ནག་གི་ཀང་ཏུང་ས་ཆའི་ཟ་མ་གཡོ་མཁན་ཞིག་ལ་ན་གི་ཇི་ལྟར་གསོད་པའི་བཅར་འདྲི་བྱ་བ་འདི་ལྟ་སྟེ། འདྲི་ཡུལ་གྱིས་བཤད་པར་ཁོ་ཚོས་ན་གི་དེ་སྐུ་མགྲོན་ཚོས་འདེམས་རག་བར་དུ་དྲ་བ་ནས་གསོ་བ་དང་། འདེམས་རྗེས་སུ་མགོ་བོར་སྟ་རེས་རྒྱག་པ་དང་དེ་ནས་མགྲིན་པ་གཏུབས་ཤིང་ཐོག་མར་ཁྲག་བླངས་བ་ཡིན་མོད་དེས་སྲོག་ཆད་པ་དལ་བས་ཆུར་བཙོས་པ་དང་ཕྱི་ཤུན་མགྱོགས་མྱུར་ངང་བླངས་པ་ཡིན་ཟེར། དེ་ནས་ཤ་དུམ་བུ་བྱས་པ་དང་ཚོན་སྡེར་སྣ་འགར་བསྲེས་ནས་ཁུ་བ་ཡང་བཟོས་པ་ཡིན། མཚམས་རེར་སྐུ་མགྲོན་ཚོས་དེའི་ཁྲག་དེ་ཡུལ་དུ་ཁུར་བཞིན་ཡོད་ཅེས་སྨྲས་པ་རེད།
སྤྱི་ལོ་༢༠༠༧ལོའི་ཟླ་༡༡པའི་ཚེས་༡༠ཉིན། ཐྰེ་གོ་རྒྱལ་ཁབ་ཀྱི་མགྲོན་པོ་རྟོག་ཞིབ་བ་ཚོས་ཀྲུང་གོར་འདྲེན་བཞིན་པའི་ན་གི་༡༠༠ཙམ་བཟུང་བ་དང་། བརྗོད་ཚུལ་ལྟར་ན་ཟ་མ་གཡོ་བར་འདྲེན་བཞིན་ཡོད་ཟེར།
སྤྱི་ལོ༢༠༠༨ལོའི་ཟླ༡༢པའི་ཚེས་༢༢ཉིན། ཡེ་ནན་རྒྱལ་ཁབ་ཀྱི་མགྲོན་པོའི་རྟོག་ཞིབ་བ་ཚོས་ན་གི་༡༤༨༡དང་སྡོམས་པས་དེའི་ཤ་རྒྱ་མ་ཏུན་༥ཅན་ཞིག་བཟུང་བ་རེད།
སྤྱི་ལོ༢༠༠༩ལོའི་ཟླ༧པའི་ཚེས་༡༤ཉིན་གྱི་ཞིབ་འཇུག་ཅིག་ཏུ་ན་གིའི་ཤ་མཁོ་ཟ་མཁན་ཇེ་མང་དུ་འགྱུར་བཞིན་ཡོད་པ་དང་། དེས་ཡ་གླིང་ལྷོ་མའི་སོ་མེད་པའི་གོག་འགྲོ་སྲོག་ཆགས་ཁྱད་པར་ཅན་གྱི་རིགས་རྒྱུད་དེ་མཇུག་རྫོགས་རྒྱུ་ཡིན་པ་བསྟན་པ་རེད།
སྤྱི་ལོ་༢༠༠༩ལོའི་ཟླ་༩བའི་ཚེས་༢༨ཉིན། མྰ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་ཉིན་རྟོག་པས་ཧིན་རྡུ་ཉེ་ཤ་ཡ་ནས་ཁྲིམས་འགལ་གྱིས་ཁོ་ཚོའི་རྒྱལ་ཁབ་ལ་ཟ་མ་གཡོ་བྱེད་དུ་དྲངས་པའི་ན་གི་༤༠བཟུང་བ་རེད།
སྤྱི་ལོ༢༠༠༩ལོའི་ཟླ༡༢པའི་ཚེས༢༠ཉིན། མྰ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་གདོད་སྐྱེས་སྲོག་ཆགས་སྲུང་སྐྱོབ་པས་ཕྱིར་འདྲེན་བྱ་བཞིན་པའི་ན་གི་༡༣༠བཟུང་བ་རེད།
སྤྱི་ལོ༢༠༡༠ལོའི་ཟླ༧པར། ཀྲུང་གོ་ཀང་ཏུང་གི་མགྲོན་པོ་རྟོག་ཞིབ་བས་ཉ་གྲུར་དྲངས་བའི་ན་གི་༢༠༩༠གྱི་ཤ་ཁེངས་བར་བྱ་བ་དང་དེའི་ལྗིད་ཚད་ལ་ཏུན་༨ཙམ་དང་ཕྱི་ཤུན་སྤྱི་རྒྱ༡༨༠༠ཙམ་འདྲེན་བཞིན་པ་བཟུང་པ་རེད།