སྤྱང་ཀི


Tibetan Wolfབོད་ཀྱི་སྤྱང་ཀི་འདིའི་རིགས་ལ་རྒྱ་སྤྱང་ངམ། སོག་སྤྱང་། ཁོ་རེ་ཡའི་སྤྱང་ཀིའམ་སྤྱང་ཀི་སྟུག་པོ་ཞེས་ཀྱང་འབོད། སྤྱང་ཀི་སྐྱ་བོ་དེ་རིགས་ཀྲུང་གོའི་ལྟེ་བའི་ས་གནས་ཁ་ཤས་དང་། སུའུ་ལེན་རྒྱལ་ཁབ་ཀྱི་ལྷོ་ནུབ་དང་། བྱང་ཤར་ཁུལ། བོད་དང་ཇོ་མོ་གླང་མའི་རྒྱུད་ཀྱི་རྒྱ་གར་དང་བལ་བོ། འབྲུག་ཡུལ་སོགས་སུ་ཡོད་པ་རེད། བོད་ཀྱིས་འདི་ལ་སྤྱང་ཀི་དང་དེ་མིན་ཁུའུ་མྰའི་རྒྱུད་ཀྱི་ནྰ་ཋར་དེ་ལ་སྤྱང་ཁོ་ཌེ་ཞེས་འབོད་ཀྱི་ཡོད།
ཚན་རིག་པ་ཚོས་དཔྱད་པ་ལྟར་ན་བོད་ཀྱི་སྤྱང་ཀི་ནི་སྒོ་ཁྱིའི་ཆེས་ཐོག་མའི་ཡང་མེས་ལ་བརྩི་བ་དང་། གཟུགས་དབྱིབས་རིག་པ་ནས་དཔྱད་ན་བོད་ཀྱི་སྤྱང་ཀི་དང་ཁྱི་ཡི་རྐན་རུས་ཆེ་ཆུང་འདྲ་ལ། དེ་མིན་འགྲམ་རུས་སོགས་ལྡིབ་ཚད་ཧ་ཅང་འདྲ་བ་ཡིན། སྤྱང་ཀི་སྐྱ་བོ་ཚང་མ་དེ་དང་མཚུངས་པའི་ངེས་པ་མེད་དོ།།

གཟུགས་དབྱིབས།

བོད་ཀྱི་སྤྱང་ཀིའི་གཟུགས་དབྱིབས་ནས་བལྟས་ན་ཡོ་རོབ་གླིང་གི་སྤྱང་ཀི་དང་ཅུང་འདྲ་མོད། འོན་ཀྱང་བོད་ཀྱི་སྤྱང་ཀི་ནི་གཟུགས་དབྱིབས་ཅུང་ཙམ་ཆེ་བ་དང་། རྐང་ལག་ཅུང་ཐུང་ཞིང་མདོག་ཅུང་སྐྱ་བོ་དང་། མིག་ཁའི་སྤུ་མདོག་དམར་སེར་དེ་རྐང་བ་དང་ཕོ་བའི་འགྲམ་དུ་ཡང་ཐར་ཐོར་དུ་སྐྱེས་ཡོད། མགོ་དབྱིབས་ནི་ཡོ་རོབ་གླིང་གི་སྤྱང་ཀི་དང་འདྲ་མོད་སྣ་གདོང་རིང་ཞིང་རྒྱ་གར་གྱི་སྤྱང་ཀི་ལས་ཆེ་བ་ཡིན།  འོན་ཀྱང་རྔ་མ་ནག་པོ་མིན་པ་དེ་ཁྱད་པར་ཆེ་ཤོས་ཡིན་པ་རེད། ད་དུང་བོད་དུ་སྤྱང་ཀི་ནག་པོ་ཞེས་པ་ཞིག་ཡོད་པ་དང་དེ་ནི་རྫིག་རྔམ་ཅུང་ཆེ་བར་བརྩི་བཞིན་ཡོད།
ཇོ་མོ་གླང་མའི་སྤྱང་ཀི་ཞེས་པ་དེ་གྲངས་ཀ་ཧ་ཅང་ཉུང་བར་བརྩི་བ་དང་མིག་སྔར་གྱི་ཞིབ་འཇུག་འགའ་ཡིས་དེ་ཡང་སྤྱང་ཀིའི་རིགས་ཤིག་ཏུ་བགྲངས་ཡོད་པ་རེད།
བོད་ཀྱི་འབྲོག་ཁུལ་དུ་སྤྱང་ཀི་དེ་ཕྱུགས་ཟོག་སྐྱོང་བ་ལ་གནོད་པ་ཆེ་བ་དང་། ཕྱུགས་ཟོག་གི་ཞིབ་འཇུག་ལ་གཞིགས་ན་སྤྱང་ཀི་ནི་ཕྱུགས་ཟོག་གསོད་མཁན་ཆེས་སྡུག་ཅན་ཡིན་ལ།

བོར་ཟིན་པའི་ཕྱུགས་ཟོག་གི་རྒྱ་ཆའི་༦༠དེ་སྤྱང་ཀིས་བཟས་པ་དང་། གངས་གཟིག་གིས་བརྒྱ་ཆ་༣༨གསོད་པ་དང་། རི་བྱི་ཡིས་བརྒྱ་ཆ་༢བཅས་གསོད་པ་རེད། བོར་ཟིན་པའམ་ཟས་ཟིན་པའི་སྒོ་ཟོག་གི་གྲངས་འབོར་ལ་གཞིགས་ན་རྭ་མ་ནི་སྤྱང་ཀིས་རྒྱུན་ལྡན་དུ་འཛིན་པ་ཆེས་མང་པ་དང་དེས་བརྒྱ་ཆའི་༣༢ཟིན་པ་ཡིན། དེ་ནས་ལུག་གིས་བརྒྱ་ཆའི་༣༠ཟིན་པ་དང་། ནོར་གྱི་བརྒྱ་ཆའི་༡༥དང་། རྟ་ཡིས་བརྒྱ་ཆ་༡༣ཟིན་པ་རེད། སྤྱང་ཀིས་རྭ་མ་མང་བོ་གསོད་པ་དང་དུས་མཚུངས་སུ་རྟ་ཡང་མང་བོ་གསོད་བཞིན་ཡོད།
ཁོ་རེ་ཡ་རྒྱལ་ཁབ་ལ་མཚོན་ན་རི་དྭགས་རྔོན་ནས་སྤྱང་ཀིས་ཁ་གྲངས་ཇེ་ཉུང་དུ་མ་སོང་བའི་སྔོན་ལ་དེས་མིའི་ཚེ་སྲོག་ལ་གནོད་པ་ཆེ་བ་དང་། སྤྱི་ལོ་༡༩༢༨ལོར་སྤྱང་ཀིས་མི་བསད་པ་དེ་གཅན་གཟན་གཞན་པ་སྟག་དང་གཟིག   དོམ་དང་ཕག་རྒོད་ཚང་མས་བསད་པའི་ཁ་གྲངས་ལས་ཀྱང་མང་བ་རེད།
བོད་ཡུལ་དུ་སྤྱང་ཀིའི་ཁ་གྲངས་མང་བ་དང་གཟིག་གི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་རེད།