འཕྱི་བ།


འཕྱི་བ་ནི་ཧི་མ་ལ་ཡའི་འགྲམ་རྒྱུད་དང་མཚོ་བོད་མཐོ་སྒང་གི་ས་ཁུལ་དུ་ཡོད་ཅིང་། མཚོ་ངོས་ནས་མཐོ་ཚད་སྨི་༣༠༠༠ནས་༤༥༠༠བར་ཡིན་པ་དང་། དེ་དག་ནི་རྒྱ་གར་གྱི་ལ་དྭགས་དང་ཕཱ་ཁེ་སི་ཏན་གྱི་བདེ་ཐང་དུ་མཐོང་ཞིང་། དེའི་ཆེ་ཆུང་ལ་ཁྱིམ་གྱི་བྱི་ལ་ཙམ་གྱི་ཆེ་ཆུང་ཡོད།

འཕྱི་བ་ཁྱུ་བྱས་ནས་འཚོ་བ་རོལ་བཞིན་ཡོད་པ་རེད། བོད་ཀྱི་འཕྱི་བ་དེ་ཤིང་བྱོ་དང་འཕྱི་བ་སྐྱ་བོ་དང་། འཕྱི་བ་ལྟོ་དཀར་སོགས་དང་འདྲ་ཆེ། འཕྱི་པའི་ལུས་པོར་སྨུག་ནག་དང་རྒྱབ་ཏུ་སེར་མདོག་ཆེ་ཞིང་ངོ་ནས་བྲང་ཁར་ཁྱབ་ཡོད།

 

ཚན་རིག་གི་མིང་།

 

རིགས།

(Hodgson, 1841)

མིང་འདྲ་བ།
དབྱིན་སྐད།                Himalayan Marmot, Karakoram Marmot

ཚད་འཇལ་བྱ་ཚུལ།

དམར་ཐོའི་རིགས།

ཅུང་ཕལ་བ་སྟེ།     ver 3.1

ཚད་འཇལ་ལོ།

༢༠༠༨

ཚད་འཇལ་བ།

Molur, S. & Shreshtha, T.K.

དཔྱད་འདེམས་པ།

Amori, G. (Small Nonvolant Mammal Red List Authority) & Cox, N. (Global Mammal Assessment Team)

འགྲེལ།
རིགས་འདི་ནི་ཁྱབ་ཁུལ་ཅུང་ཆེ་བ་དང་སྲུང་སྐྱོབ་ཕལ་བར་བགྲངས་པ་དང་། ས་ཆ་འགར་དེ་སྲུང་སྐྱོབ་བྱ་བཞིན་ཡོད་པ་རེད།

ལོ་རྒྱུས།     ༡༩༩༦ལོར་མེད་འགྱུར་ཉེན་ཁ་ཆུང་པ་རེད།

ས་ཁམས་ཁྱབ་ཁོངས།

ཁྱབ་ཡུལ་ས་ཆ།

རིགས་འདི་ནི་ཡ་གླིང་གི་ནུབ་བྱང་ཁུལ་དང་ཀྲུང་གོའི་ལྷོ་ཕྱོགས་སམ་དབུས་ཁུལ་དང་། རྒྱ་གར་ཕྱོགས་ཀྱི་ཇོ་མོ་གླང་མའི་རྒྱུད་དང་བལ་བོ། ཕཱ་ཁེ་སི་ཏན་སོགས་མཚོ་ངོས་ལས་མཐོ་ཚད་སྨི༣༥༠༠ནས་༥༢༠༠བར་དུ་ཁྱབ་ཡོད། དེ་མིན་ཀྲུང་གོའི་ཡུལ་གྲུ་ཁ་ཤས་ཏེ་སི་ཁྲོན་དང་ཡོན་ནན། ཀན་སུའུ། མཚོ་སྔོན་ཞིང་ཆེན་དང་བོད་ལྗོངས་སུ་ཡང་ཁྱབ་ཡོད།

ཁྱབ་ཡུལ་ས་བཀྲ།


སྐྱེས་ཡུལ་དང་སྐྱེ་ཁམས།

སྐྱེས་ཡུལ་དང་སྐྱེ་ཁམས།

སྲོག་ཆགས་རིགས་འདི་ནི་ཨ་འར་ཕེ་སི་རི་བོའི་རྩྭ་ཐང་དང་། བྱེ་ཐང་སོགས་ཆར་ཆུ་ཉུང་སར་གནས་པ་དང་། ལྷག་པར་གཡང་གཟར་དང་ས་སློག་ཐུབ་སར་གནས་ཡོད། དེ་ཚོར་ཁྱུ་ཆེ་བ་དང་ཆུང་བ་བྱས་ནས་འདུག་པ་དེ་ས་གནས་ཀྱི་ཐོན་ཁུངས་ལ་རག་ལས་ཤིང་། དེ་དག་ས་དུང་ནང་དུ་གནས་ཤིང་དགུན་ཉལ་བྱ་དུས་སུ་ཁྱུ་རེ་བྱས་ནས་འདུག་ཅིང་འཕྱི་བ་མོའི་མངལ་སྦྲུམ་ཡུན་ནི་ཟླ་གཅིག་ཙམ་ཡིན་པ་དང་བཙས་ཐེངས་རེར་ཕྲུ་གུ་༢ནས་༡༡ཙམ་ཡིན། རྒྱུན་ལྡན་དུ་འཕྱི་བ་ཚོར་དཔྱིད་དུས་སུ་མངལ་སྦྲུམ་པ་རེད།

ཆགས་གཞི།

སྐམ་སའི་སྲོག་ཆགས

སྐྱེས་ཡུལ་ས་གཤིས།

3

སྡོང་ཕྲན་ས་ཞིང་།

3.4

སྡོང་ཕྲན་ས་ཞིང་དྲོད་ཁུལ།

4

རྩྭ་ཐང་།

4.4

དྲོད་ཁུལ་རྩྭ་ཐང་།

6

བྲག་རིའི་ས་ཆ།

8

བྱེ་ཐང་།

8.2

བྱེ་ཐང་དྲོད་ཁུལ།

14

མིས་བཟོས་སྐམ་ས།

14.2

མིས་བཟོས་སྐམ་ས་དང་རྩྭ་ཐང་།

ཉེན་ཁ།

སྲོག་ཆགས་འདི་རིགས་ལ་ཉེན་ཁ་ཆེས་ཆེ་བ་མེད་མོད། ཡ་གླིང་གི་ལྷོ་ཕྱོགས་སུ་འཕྱི་བ་འདི་སྲོལ་རྒྱུན་རང་བཞིན་གྱིས་གསོད་ཅིང་གཟན་དང་སྨན་སྣར་བསྲེས་པ་ཡིན། ས་གནས་སྲོག་ཆགས་དང་སྒོ་ཕྱུགས་སོགས་ཀྱིས་གསོད་པ་ཡིན།

སྲུང་སྐྱོབ་གནས།

འཕྱི་པ་དེ་ས་ཆ་མང་པོའི་སྲུང་སྐྱོབ་ས་ཁུལ་དུ་ཡོད་པ་དང་། བལ་བོའི་ཨེན་ནྰོ་རྒྱལ་ཁབ་རང་བཞིན་གྱི་གླིང་ག་དང་དེ་མིན་སྲུང་སྐྱོབ་ས་ཚིགས་གསུམ་དུ་ཡོད་པ་རེད། ད་རུང་རྒྱ་གར་གྱི་གདོད་སྐྱེས་སྲོག་ཆགས་སྲུང་སྐྱོབ་དུ་ཚུད་ཡོང།