བོད་སྤྲེལ།


Tibetan Macaqueབོད་སྤྲེལ་ཞེས་པ་ནི་རྒྱ་ནག་གིས་ཀྱང་རྔ་རྫུན་སྤྲེལ་ཅེས་འབོད་པ་དང་། དེ་ནི་བོད་ཀྱི་ཤར་ཕྱོགས་ནས་ཀྲུང་གོའི་ཀང་ཏུང་ས་ཆ་དང་ཧྲན་ཞིའི་བྱང་ཕྱོགས་སུ་ཁྱབ་པ་རེད། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་དང་། སྲོག་ཆགས་འདི་རིགས་ནི་མཚོ་ངོས་ལས་མཐོ་ཚད་སྨི་༨༠༠ནས་༢༥༠༠བར་གྱི་ཚ་བ་ཅུང་ཆེ་བའི་ནགས་ཚལ་དུ་ཁྱབ་པ་རེད། བོད་སྤྲེལ་གྱི་སྤུ་མདོག་སེར་བོ་ཡིན་ཞིང་གདོང་དུ་སྤུ་མེད་པ་དང་། དེ་བཙས་མ་ཐག་ནས་ལོ་གཉིས་བར་དུ་སྤུ་དེ་དངུལ་མདོག་གམ་ནག་པོ་ཡིན་པ་དང་དེ་ནས་འགྱུར་འགྲོ་བ་ཡིན། དེས་སིལ་ཏོག་གི་རིགས་གཟན་དུ་སྤྱོད་པ་དང་དེ་མིན་ས་བོན་དང་ལོ་མ། མེ་ཏོག་སོགས་ཀྱང་ཟ་བ་རེད། སྲོག་ཆགས་དེ་ཁྱུ་ཚོགས་བྱ་བ་དང་ཕོ་མོ་གཉིས་ཀ་བསྲེས་ནས་འཚོ་བ་རོལ་བ་དང་ཁོ་ཚོའི་ཚེ་ཚད་ནི་ལོ་༢༠ཡན་ཡིན་པ་རེད།

སྤྲེལ་ལ་རིགས་བཞི་ཡོད་པ་སྟེ།

  • Macaca thibetana thibetana
  • Macaca thibetana esau
  • Macaca thibetana guiahouensis
  • Macaca thibetana huangshanensis

བོད་སྤྲེལ།
ཚེ་ཚད། ལོ་ངོ་༢༠ཙམ།

ལུས་གཟུགས།
ལུས་པོར་ལི་སྨི༦༠དང་རྔ་མ་ལི་སྨི་༥ནས་༧ཙམ། ལྗིད་ཚད་ལ་སྤྱི་རྒྱ༡༢ཡོད།

ཁྱད་ཆོས།
བོད་སྤྲེལ་ལ་སྐྱ་ཞིང་རིང་བའི་ཁ་སྤུ་ཡོད་པ་དང་འོག་ཚོམ་དཀར་བོ་དེ་ཀླད་དཀྱིལ་ལས་ཀྱང་དཀར་བོ་རེད། སྤྲེལ་ཕྲུག་དེ་སྤུ་མདོག་ནག་པོ་སྐྱ་བོ་ཡིན་པ་དང་ལོ་གཉིས་ལོན་རྗེས་མདོག་སེར་བོ་འགྱུར་བ་རེད།

ཁྱབ་ཁུལ།
བོད་མཐོ་སྒང་།

སྐྱེས་ཡུལ།
ཚ་ཁུལ་ཅུང་ཆེ་སའི་ནགས་ཚལ་ཏེ་མཚོ་ངོས་ལས་མཐོ་ཚད་སྨི་༨༠༠ནས་༢༠༠༠བར་ཡིན་པ།

གཟན།
སིལ་ཏོག ལོ་མ། རྒལ་ཚིགས་མེད་པའི་སྲོག་ཆགས། འབྲུ་རིགས་སོགས།

འཚོ་བ་རོལ་སྟངས། བོད་སྤྲེལ་དེ་ཕོ་མོ་ཁྱུ་གང་རུང་དུ་འདུག་པ་དང་། ཉིན་དཀར་གཟན་འཚོལ་བ་དང་དུས་ཚོད་མང་ཤེས་ཐང་དུ་གཏོང་པ་རེད།

སྐྱེ་འཕེལ།
བོད་སྤྲེལ་མོ་དེ་མངལ་སྦྲུམ་ནས་ཉིན་༡༦༥འགོར་རྗེས་སུ་སྤྲེལ་ཕྲུག་བཙས་པ་དང་། ཕྲུ་གུའི་ལྗིད་ཚད་ལ་ཁེ་༤༠༠ཙམ་རེ་ཡོད་པ་རེད།

སྲུང་སྐྱོབ་གནས་ཚུལ། IUCNཡིས་བཀོད་པ་ལྟར་ན་བོད་སྤྲེལ་དེ་ཉེན་ཁ་ཆུང་བའི་གྲས་སུ་བཀོད་པ་རེད།