web analytics

འཕྲིན་ལས་འོད་ཟེར།

འཕྲིན་ལས་འོད་ཟེར། འཕྲིན་ལས་འོད་ཟེར་ནི་སྤྱི་ལོ་༡༩༨༥་ལོར་བོད་དུ་སྐྱེས་ཤིང་། ལོ་ན་བཅུ་དྲུག་ཐོག་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཆོས་ཞུགས་ཞུས་ཏེ། བོད་ཀྱི་ནང་དོན་རིག་གནས་ཀྱིས་གཙོས་རིག་ཚན་ཆེ་ཆུང་ཁག་ལ་སློབ་གཉེར་བྱས། ཉིས་སྟོང་དྲུག་ལོར་རྒྱ་གར་ཏུ་འབྱོར་ཞིང་།...

སེར་ཤུལ་རིན་ཆེན་དོན་གྲུབ།

སེར་ཤུལ་རིན་ཆེན་དོན་གྲུབ། ༡༩༨༠ ལོར་བོད་དུ་སྐྱེས། ༢༠༠༠ ལོར་རྒྱ་གར་དུ་འབྱོར། གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་ནས་དབུ་མ། ཕར་ཕྱིན། མཛོད་བཅས་ཀྱི་རབ་འབྱམས་པ་ཐོན། རྩོམ་ཡིག་དེབ་ཕྲེང་ལྔ་པར་བསྐྲུན་ཞུས། བོད་ཕྱི་ནང་གཉིས་ནས་རྩོམ་ཡིག་བྱ་དགའ་བཅུ་ཕྲག་བརྒལ་བ་ཐོབ། རྩོམ་སྒྲིག་པ་དང།...

ཨ་སྐྱབས་རྒྱལ་སྲས།

ཨ་སྐྱབས་རྒྱལ་སྲས། མཚན་ཡོངས་ནི་ཨ་སྐྱབས་རྒྱལ་སྲས་ནམ་མཁའ་ཀློང་ཡངས་རིན་པོ་ཆེ་ཡིན་ཞིང་། མདོ་སྨད་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ནས་སྤྱི་ལོ་༡༩༦༨ལོར་ཞིང་བའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ཕ་མའི་བཀའ་དྲིན་ལས་ཆུང་དུས་ནས་མགོན་དགེ་བའི་བཤེས་གཉེན་གྱིས་ཟིན་ཏེ།...

ཐུབ་བསྟན་རྣམ་རྒྱལ།

ཐུབ་བསྟན་རྣམ་རྒྱལ། མིང་ཐུབ་བསྟན་རྣམ་རྒྱལ་ནི་སྤྱི་ལོ་༢༠༠༣ ནས་༢༠༡༡ བར་རྡ་ས་རྣམ་རྒྱལ་གྲྭ་ཚང་དུ་མཚན་ཉིད་གཞུང་ཆེན་དབུ་མ་བར་སློབ་གཉེར་བྱས། ༢༠༡༡ ནས་༢༠༡༤ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་མཐོ་རིམ་རིག་གནས་རབ་འབྱམས་པ་དང་། ༢༠༡༤ནས་༢༠༡༦...

ཐུབ་བསྟན་དབང་འདུས།

ཐུབ་བསྟན་དབང་འདུས། ཐུབ་བསྟན་དབང་འདུས་ཀྱི་སྨྱུག་མིང་ལ་འདྲེ་སེམས་བཟང་ཟེར།  སྐྱེ་ཡུལ་བར་ཁམས་སོག་ཁྲི་རྡོ་ཡིན། སྤྱི་ལོ་༢༠༠༦བཙན་བྱོལ་ཏུ་འབྱོར་ཏེ་ལོ་བདུན་ཙམ་གྱི་རིང་། སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་སློབ་སྦྱོང་གི་བྱས། དེའི་རྗེས་སུ་སྤྱི་ལོ་༢༠༡༣...

གཅན་རྣམ་ཐར།

གཅན་རྣམ་ཐར། ལོ་རབས་བདུན་ཅུ་བའི་ནང་དུ་མདོ་སྨད་གཅན་ཚའི་རི་གྲོང་ཞིག་ནས་གཉོམ་ལག་རྒྱས་ཏེ། ལོ་རབས་དགུ་བཅུ་བ་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་སློབ་མཐར་ཕྱིན་རྗེས།...