web analytics

ཁོར་ཡུག་རྩོམ་རིག་འགྲན་སྡུར།

༢༠༡༧ ལོའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་བརྗོད་བྱ་ནི་ཆུ་ཡིན། ད་ལོའི་རྩོམ་ཡིག་རྣམས་ནི་ཆུ་དང་འབྲེལ་བའི་རྩོམ་ཡིག་ངེས་བར་དུ་ཡིན་དགོས། བྱེ་བྲག་ཏུ་རྒྱ་མཚོ་དང་མཚོ་མོ། གཙང་བོ་དང་ཆུ་ཕྲན། ཆུ་མིག་དང་ཆུ་རྫིང་། ཆུ་རྡུལ་ཕྲ་མོ་སོགས་ཀྱི་སྐོར་གང་ཡིན་ཀྱང་ཆོག ཡང་ན། ཆུ་ཁམས་འཁོར་སྐྱོད་དང་། ཆུའི་ནུས་བ། ཆུའི་སྤྱོད་སྒོ། ཆུའི་དགེ་སྐྱོན་སོགས་ཆུ་དང་འབྲེལ་བའི་རྩོམ་ཡིག་ཡིན་དགོས།

བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པའི་སྤེལ་བའི་ཁོར་ཡུག་རྩོམ་རིག་འགྲན་སྡུར།

རྩོམ་རིག་འགྲན་སྡུར་གྱི་ཆ་རྐྱེན། (རྩོམ་པ་པོ་ལགས། གཤམ་གྱི་ཆ་རྐྱེན་ལྔ་བོ་འདི་དག་ངེས་པ་དུ་ཚང་དགོས།)

ཆ་རྐྱེན།

༡ ནང་དོན།
༢༠༡༧ ལོའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་བརྗོད་བྱ་ནི་ཆུ་ཡིན། ད་ལོའི་རྩོམ་ཡིག་རྣམས་ནི་ཆུ་དང་འབྲེལ་བའི་རྩོམ་ཡིག་ངེས་བར་དུ་ཡིན་དགོས། དཔེར་ན། རྒྱ་མཚོ་དང་མཚོ་མོ། གཙང་བོ་དང་ཆུ་ཕྲན། ཆུ་མིག་དང་ཆུ་རྫིང་། ཆར་ཆུ། ཆུ་རྡུལ་ཕྲ་མོ་སོགས་ཀྱི་སྐོར་གང་ཡིན་ཀྱང་ཆོག ཡང་ན། ཆུ་ཁམས་འཁོར་སྐྱོད་དང་། ཆུའི་ནུས་བ། ཆུའི་སྤྱོད་སྒོ། ཆུའི་དགེ་སྐྱོན་སོགས་ཆུ་དང་འབྲེལ་བའི་རྩོམ་ཡིག་ཡིན་དགོས།

༢ རིང་ཐུང་། ཡིག་གཟུགས་ཧི་མ་ལ་ཡ་དང་ཡང་ན་ཀཻ་ལ་ཤ་(Microsoft Himalaya or Kailasa)དང་ཡིག་གཟུགས་ཀྱི་ཆེ་ཆུང་20་ཡིན་དགོས།
རྒྱུན་ལྡན་གྱི་A4 ཡིན་པའི་ཤོག་ངོས་ 8 ལས་བརྒལ་མི་ཆོག

༣ རྩོམ་རིགས། དཔྱད་རྩོམ་ཡིན་དགོས། དཔྱད་རྩོམ་དུ་ལུང་དྲངས་ཡོད་ན་ཁུངས་ཀྱི་ཤོག་དེབ་སོགས་གྱི་མཆན་ངེས་པར་དུ་དགོས།

༤ སྤུས་ཚད། བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་དང་རྩོམ་ཡིག་ཚད་ལྡན་ཡིན་དགོས།

༥ རྩོམ་ཡིག་བསྡུ་དུས། སྤྱི་ཟླ་༩ བའི་ཚེས་༦ཉིན་ད་ལོའི་རྩོམ་ཡིག་བསྡུ་མཚམས་འཇོག་རྒྱུ་ཡིན། དེའི་རྗེས་སུ་འབྱོར་བ་རྣམས་ཕྱི་ལོའི་འགྲན་སྡུར་དུ་ཞུགས་དགོས།

དཔྱད་འདེམས་ཚོགས་ཆུང་གིས་རྩོམ་ཡིག་རེ་རེར་སྐར་གྲངས་༠༠-༡༠ བར་གྱི་སྐར་གྲངས་སྤྲོད་རྒྱུ་ཡིན་ཞིང་།

ལེགས་ཤོས་ལ་སྐ་གྲངས་༡༠་དང་སྐྱོ་ཤོས་ལ་སྐར་གྲངས་༠༠།
མཇུག་ཏུ་ཆ་སྙོམས་ཀྱི་བརྒྱ་ཆ་ལ་བལྟས་ནས་གདམ་གསེས་བྱ་རྒྱུ་ཡིན།

གསལ་བསྒྲགས།
Announcement

གཟེངས་རྟགས་དང་བྱ་དགའ་ཐོབ་མཁན་རྣམས་ལོ་རེའི་སྤྱི་ཟླ་༡༡་ཚེས་༦ཉིན་མཇུག་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན།

Selection Criteria:

Our selection committee will grade your work from zero to ten (ten being the highest), averaged on percentile basis and then choose the winners.

Result:Result:

Every year the winners will be announced on November 6, 2016.

རྩོམ་རིག་གི་ནང་དོན་དང་ཉམས་ཞིབ་ཀྱི་ཆ་ལ་དཔྱད་ཞིབ་བྱས་ཏེ། རིམ་པ་བཞིན་དབྱེ་ནས་གཟེངས་རྟགས་སྤྲོད་རྒྱུ་ཡིན།

གཟེངས་རྟགས་ལ་རིམ་པ་བཞིན།

དང་བོར་གསའ་ཡི་གཟེངས་རྟགས་ཐོབ་མཁན་ལ་དཔང་ཡིག་དང་ཨ་སྒོར་༥༥༥།
གཉིས་པར་གཙོད་ཀྱི་གཟེངས་རྟགས་ཐོབ་མཁན་ལ་བྱ་དགའི་དཔང་ཡིག་དང་ཨ་སྒོར་༤༤༤།
གསུམ་པར་འབྲོང་གི་གཟེངས་རྟགས་ཐོབ་མཁན་ལ་བྱ་དགའི་དཔང་ཡིག་དང་ཨ་སྒོར་༣༣༣།

ད་ལོར་དམིགས་གསལ་བྱས་ནས་མཉམ་ཞུགས་པར་མང་པོར་བྱ་དགའི་གོ་སྐབས་ཐོབ་ཆེད་ཕུལ་ བྱུང་རྩོམ་ཡིག་གཉིས་ལ་དཔྱད་འདེམས་ཀྱི་ཨང་གྲངས་མཐོ་དམའ་ལྟར་དུ་ཨ་སྒོར་༡༠༠་ རེ་འབུལ་རྒྱུ་ཡིན། གཞན་ཡང་རྩོམ་ཡིག་ལེགས་གྲས་ལ་ཕུལ་བྱུང་གི་རྩོམ་ཡིག་བྱ་དགའི་དཔང་ཡིག་འབུལ་ རྒྱུ་ཡིན། དེ་མིན་གྱི་རྩོམ་ཡིག་རྣམས་གཟེངས་རྟགས་དང་བྱ་དགའ་ཐོབ་པའི་རྩོམ་ཡིག་གཞན་དང་ མཉམ་དུ་དྲ་ཚིགས་སུ་འགོད་རྒྱུ་ཡིན།

Prizes: We will be felicitating top three essays.

Grand Prize Winner, Snow Leopard Award US$ 555.
Second Prize Winner, Antelope Award US$ 444.
Third prize winner, Wild Yak Award US$ 333.

We will also acknowledge all the quality essays and publish these on our websites and journals along with the winners.

༄༅། །༢༠༡༦ལོའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་གྱི་མཇུག་འབྲས།

བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་ཐེངས་གཉིས་པར་སྤེལ་བའི་ཁོར་ཡུག་རྩོམ་རིག་འགྲན་སྡུར་ལ་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ལྷན་དུ་མཉམ་ཞུགས་མཁན་ཡོངས་ལ་ཁོར་ཡུག་ལ་ཐུགས་ཁུར་གནང་བར་རྗེས་སུ་ཡི་རང་ཡོད། བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པ་ནི་ཨ་རིའི་གཞུང་ལ་ཐོ་འགོད་བྱས་ཡོད་པའི་(501(c)(3)ཐེབས་རྩ་ཚོགས་པ་ཞིག་ཡིན་པ་དང་།

ང་ཚོའི་དམིགས་ཡུལ་གཙོ་བོ་ནི་གོ་ལ་སྤྱི་དང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྐོར་གྱི་ཤེས་བྱ་ཁྱབ་སྤེལ་དང་། ལྷག་པར་དུ་བོད་མི་མང་ལ་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱས་ནས་ཁོར་ཡུག་གི་ཤེས་བྱ་མཁོ་སྤྲོད་བྱེད་རྒྱུ་དེ་ཡིན། ཐེངས་འདིར་མཉམ་ཞུགས་གནང་མཁན་རྩོམ་པ་བོ་རྣམས་གཙོ་བོར་བྱས་པའི་བོད་ཀྱི་རྩོམ་པ་བོ་རྣམས་ཀྱིས་མ་འོངས་པ་ན་སྐྱེ་ཁམས་ཁོར་ཡུག་ཤེས་བྱ་གང་མང་སྤེལ་བའི་རེ་བ་ཞུ།

ཐེངས་འདིར་ང་ཚོ་ལ་འབྱོར་བའི་རྩོམ་ཡིག་རྣམས་ནི་གཅིག་ལས་གཅིག་ལེགས་པས་བཟང་ངན་གྱི་དབྱེ་བ་མེད་ཀྱང་། འགྲན་སྡུར་ཞིག་ཡིན་སྟབས་དཔྱད་འདམས་མི་བྱེད་ཀ་མེད་དུ་གྱུར། ཡིན་ན་ཡང་གཟེངས་རྟགས་དང་བྱ་དགའ་ཐོབ་ཡོད་མེད་ལ་མ་ལྟོས་བར་ཁྱེད་རྣམས་ཀྱི་རྩོམ་ཡིག་ཚང་མ་ང་ཚོས་རིན་ཐང་ཆེན་པོ་བརྩི་བཞིན་ཡོད། ལྷག་པར་དུ་ཁྱེད་རྣམས་ཀྱི་སེམས་ཤུགས་དང་རྒྱབ་སྐྱོར་རྩ་ཆེན་དུ་བརྩི་བཞིན་ཡོད།

བསྐྱར་དུ་མཉམ་ཞུགས་གནང་མཁན་གྱི་རྩོམ་པ་བོ་ཡོངས་ལ་བཀའ་དྲིན་ཆེ་ཞུ།

བོད་ཡུལ་སྐྱེ་ཁམས་ཐེབས་རྩ་ཚོགས་པས་གུས་འདུད་དང་བཅས།
༢༠༡༦ཟླ་༡༡ཚེས་༦ལ།

10 + 9 =